དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ཆུ་ཤུར་རྫོང་རྭ་སྟོད་གྲོང་ཚོས་གྲོང་མིར་སྒོར་ཁྲི་138.4བགོ་འགྲེམས་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-25

    པར་འདི་གཉིས་ནི་བགོ་འགྲེམས་རྒྱག་ཡུལ་ཡིན་པ།

    ཉེ་དུས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་མཉེས་ཐང་ཤང་རྭ་སྟོད་གྲོང་ཚོས་2023ལོའི་ལོ་འཁོར་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་བགོ་འགྲེམས་མཛད་སྒོ་འཚོགས་ཤིང་། བགོ་འགྲེམས་རྒྱག་ཡུལ་དུ་གྲོང་མི་ཚོས་གདོང་ནས་འཛུམ་མདངས་འཕྱུར་བཞིན་དུ་གོ་རིམ་ལྡན་པའི་ངང་རྩིས་ཁྲ་བསྡུར་བ་དང་། མིང་འགོད་པ། བགོ་འགྲེམས་དངུལ་ལེན་པ་བཅས་བྱེད་བཞིན་མཆིས།

    རྭ་སྟོད་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་མཐའ་འཁྱོངས་དང་། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་བའི“འདུ་འགོད་ཨང་དང་པོར”དམ་འཛིན་ནན་པོ། བྱེད་ཐབས་གསར་གཏོད་དང་ཐབས་མང་མཉམ་སྤྱོད། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཐོན་ལས་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གྲོང་གསེབ་དར་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བ་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོའི་ལོ་འཁོར་གྱི་རྭ་སྟོད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་673.87ཟིན་ནས་གྲོང་མིར་སྒོར་ཁྲི་138.4བགོ་འགྲེམས་བརྒྱབ་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།