དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གོར་མོ་གྲོང་ཁྱེར་གྱི་ཧུང་ལིའུ་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-25

    ཞེང་ཚད་ལ་སྨི་4ཡོད་པའི་ཨར་འདམ་ལམ་གྱི་གཞོགས་གཉིས་སུ་དྲོད་ཁང་ཆེ་མོ་20སྟར་ལ་བསྒྲིགས་ཡོད་པ་དང་། དྲོད་ཁང་དེ་དག་ནང་བརླན་བཤེར་ཆེ་ཞིང་དྲོད་ཚད་སྙོམ་པས་མེ་ཏོག་བཞད་པ་དང་། མྱུ་གུ་འབུས་པ། འབྲས་བུ་སྨིན་པ་སོགས་ཀྱི་སྔོ་ཚལ་སྣ་ཚོགས་ཡོད་པ་རེད།

    “ཉིན་འདི་དག་རིང་། ཁྲོམ་རའི་སྔོ་ཚལ་གྱི་དགོས་མཁོ་ཆེ་རུ་ཕྱིན་པའི་ཁར་གུང་གསེང་སྐབས་འཁེལ་བས་བྲེལ་བ་ཧ་ཅང་ཆེ”ཞེས་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་ཧུང་ལིའུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལི་གོ་ཧྲན་གྱིས་བཤད།

    ས་བབ་མཐོ་ཚད་སྨི་3000ཙམ་གྱི་ཚ་འདམ་གཞོང་སའི་ཕང་བར་གནས་པའི་ཧུང་ལིའུ་གྲོང་ཚོ་ནི་དེ་སྔ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་ཞིག་རེད། 2010ལོ་ནས་བཟུང་། ཧུང་ལིའུ་གྲོང་ཚོས་སྔོ་ཚལ་དྲོད་ཁང་ཆེ་མོ་གཉེར་འགོ་ཚུགས་པ་རེད།

    ལྕི་བ་དང་རིལ་མ་ཉོས་ནས་ས་རྒྱུ་ལེགས་སུ་གཏོང་བ་དང་། ཕྱིར་བསྐྱོད་དེ་འདེབས་འཛུགས་ཉམས་མྱོང་སློབ་སྦྱོང་བྱེད་པ། ཡུར་བུ་བཟོས་ནས་ཆུ་འདྲེན་ཆ་རྐྱེན་ལེགས་སུ་གཏོང་བ་སོགས་གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་འོག ཧུང་ལིའུ་གྲོང་ཚོས་ལམ་བུ་གསར་པ་ཞིག་བཏོད་པས་སྔོ་ཚལ་འདེབས་ཁྱོན་དེ་སྔའི་དྲོད་ཁང་7ནས་ད་ཆའི་20བར་མང་དུ་ཕྱིན་ཡོད་པ་རེད།

    ལི་གོ་ཧྲན་གྱིས། “ང་ཚོས་མཉམ་ལས་ཁང་ཞིག་བཙུགས་ཡོད། ན་ནིང་ཕྱིར་འཚོང་བྱེད་ཚད་སྒོར་ཁྲི་100ཟིན་ནས་གྲོང་མི་ཚོར་ཁེ་སྤོགས་སྒོར་ཁྲི་30བགོ་བཤའ་བརྒྱབ་པ་མ་ཟད། ད་དུང་གྲོང་མི་30ལྷག་ཙམ་ལ་ལས་ཀ་རག་ནས་འབབ་འཕར་བྱུང་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    མཉམ་སྡེབ་དཔལ་འབྱོར་གྱི་གཞི་ཁྱོན་ཇེ་ཆེ་དང་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་ཇེ་ཡངས། ས་རྒྱུ་ལེགས་སུ་གཏོང་བའི་མ་གནས་ཆུང་དུ་བཅས་གཏོང་ཆེད། ཧུང་ལིའུ་གྲོང་ཚོས་བེད་མེད་དུ་བསྐྱུར་པའི་སོག་མ་གཟན་ཆག་ཏུ་བྱས་ནས་གསོ་ཚགས་ལས་རིགས་གཉེར་བ་དང་། ཐིགས་ཆུ་གཏོང་བའི་ཆུ་སྤུས་ལེགས་སུ་གཏོང་ཆེད་དྭངས་བསིང་རྫིང་བུའི་ནང་དུ་ཉ་གསོ་བ། གྲོ་ཞིབ་འཐག་རྗེས་ཀྱི་གྲོ་ཤུན་བེད་སྤྱོད་ཡག་པོ་བྱ་ཆེད་མཉམ་ལས་ཁང་གིས་བྱ་དེ་གསོས་པ་བཅས་བྱས་པ་རེད། ཆ་རྐྱེན་འཛོམས་རྗེས་ཧུང་ལིའུ་གྲོང་ཚོས་ད་དུང་ཞིང་ཁྱིམ་བཟའ་བཏུང་དང་། སྔོ་ཚལ་བཀོག་པ། རོལ་རྩེད་ལྟ་སྐོར། ཞིང་ལས་ཚན་རིག་ཁྱབ་གདལ་སོགས་ཞབས་ཞུའི་སྐྱེ་ཁམས་ཞིང་ལས་གླིང་ཡང་བཙུགས་ནས་ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་བ་རེད།

    གྲོང་སྲོལ་དམངས་ཆིངས་ལག་བསྟར་ཞིབ་སྲོལ་ལ་གསར་དུ་བཟོ་བཅོས་རྒྱག་པ་དང་། དང་བླངས་པའི་ཞབས་ཞུ་རུ་ཁག་འཛུགས་པ། རིན་མེད་ཟ་འཐུང་བྱེད་སའི་གཅེས་སེམས་ཟ་ཁང་འཛུགས་པ་སོགས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་གྲོང་ཚོར་འགྱུར་ལྡོག་མང་པོ་བྱུང་ནས། གྲོང་མི་ཚོའི་འཚོ་བ་ལེགས་སུ་ཕྱིན་ཡོད་པ་རེད།

    “ད་ཆ་གྲོང་ཚོའི་མཉམ་སྡེབ་ཐོན་ལས་སྔར་བས་འཕེལ་རྒྱས་ཕྱིན་ནས་མཉམ་ལས་ཁང་ལ་ལོ་གཅིག་དུས་བཞི་ཚང་མར་ལས་ཀ་ཡོད་པས་གྲོང་མི་ཚོར་རང་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་བརྟན་པོ་རག་ཡོད” “མ་གཞི་གནས་འདི་གྲམ་ཐང་ཡིན་རུང་ཧུང་ལིའུ་གྲོང་ཚོའི་ཐོན་ལས་འཕེལ་རྒྱས་ཕྱིན་པ་ལས་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་ཡོད”ཅེས་གྲོང་མི་ལིའུ་གོ་ཧུའུ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།