དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ནུས་གསར་རླངས་འཁོར་ཕྱི་རྒྱལ་དུ་ཐོན་ཚོང་བྱེད་ཚད་ལོ་དགུ་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-25

    2023ལོའི་ཟླ་9པར། འཇར་མན་གྱི་མུའུ་ཉི་ཧེ་རྒྱལ་སྤྱིའི་རླངས་འཁོར་འགྲེམས་སྟོན་ཐོག་ལྟ་སྐོར་བས་ཉིང་ཏེ་དུས་རབས་འགྲེམས་ཁུལ་དུ་བློ་འདྲི་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ལི་ཆང་གིས་པར་བརྒྱབ།

    འདི་ག་ཚགས་པར་གྱི་གསར་འགོད་པ་དབྱང་དབྱིས་པར་བརྒྱབ། 2023ལོར་གཉེར་བའི་ཐེ་ལན་རྒྱལ་སྤྱིའི་རླངས་འཁོར་འགྲེམས་ཚོགས་སྐབས་བཞི་བཅུ་པའི་ཐོག་ཀྲུང་གོའི་སྤུས་རྟགས་ནུས་རྒྱུ་གསར་པའི་རླངས་འཁོར་ལ་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཅིང་། འདི་ནི་ནོ་ཀྲ་རླངས་འཁོར་འགྲེམས་ཁུལ་ཡིན་པ།

    འདི་ག་ཚགས་པར་གྱི་གསར་འགོད་པ་རེན་ཧའོ་ཡུས་ཀྱིས་པར་བརྒྱབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏི་པའེ་དབྱི་ལུའུ་ཚོགས་པའི་རླངས་འཁོར་འཚོང་སའི་འགྲེམས་ཁང་དུ་ས་གནས་དེ་གའི་ཚོང་ཤག་གིས་ཤར་རླུང་དར་སྲོལ་རྟགས་ཅན་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལ་ལྟ་བཞིན་པ།

    2024ལོའི་ཟླ་1ཚེས་24ཉིན། ཅང་སུའུ་ཞིང་ཆེན་ཐའེ་ཚང་གྲུ་ཁའི་རྒྱལ་སྤྱིའི་དོས་སྒམ་གྲུ་ཁའི་འདོན་འཇུག་ལས་ཀ་བྲེལ་བ་ཆེ་ཞིང་གོ་རིམ་ལྡན་པ་ཞིག་ཡོད། འདི་ནི་ནུས་རྒྱུ་གསར་པའི་རླངས་འཁོར་གྲུ་གཟིངས་ནང་བླུགས་ནས་ཕྱི་རྒྱལ་དུ་གཏོང་རྩིས་ཡོད་པ། ཀྲང་ཚུང་ཡུས་ཀྱིས་པར་བརྒྱབ།

    པི་ཡ་ཏི་ATTO3དབྱིན་ཇིའི་གསར་འགྱུར་ཀུང་སིས་དབྱིན་ཇིའི་2023ལོའི་ལོ་འཁོར་གྱི་གློག་སྒུལ་རླངས་འཁོར་ཡག་ཤོས་སུ་བདམས་པ་དང་། ཨོའུ་ལ་ཧའོ་མའོ་ཐེ་ལན་གྱི་ལུའོ་ཡུང་ནུས་རྒྱུ་གསར་པའི་རླངས་འཁོར་བཟོ་གྲྭའི་རྟེན་གཞིར་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ། ལྕགས་རི་རིང་པོ་རྟགས་ཅན་རླངས་འཁོར་ཨོ་མན་བརྒྱུད་ཚོང་དྲ་རྒྱ་དངོས་སུ་སྤྱོད་འགོ་ཚུགས་པ། ཅི་ལིའི་ཁོངས་གཏོགས་ཀྱི་དབྱིབས་Eརྟགས་ཅན་གྱི་རླངས་འཁོར་དེ་རུ་ཝང་ཏའི་འཛད་སྤྱོད་པའི་སྤུས་གོང་གཉིས་བསྡུར་གྱི་འདེམས་ཡུལ་དུ་གྱུར་པ་སོགས་ཀྱི་གྲངས་གཞི་ལས་མངོན་པར། 2023ལོར་ཀྲུང་གོའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ཁྲི་958.7དང་ཁྲི་949.5སོ་སོར་ཟིན་ནས་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད་ལོ་9བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་པ་རེད། དེའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་120.3ཕྱིར་གཏོང་བྱས་པ་དེ་དུས་མཚུངས་ལས་77.6%འཕར་ཡོད་པ་རེད།

    ཡོ་རོབ་འདི་ཉིད་ཀྲུང་གོའི་རླངས་འཁོར་ཕྱིར་གཏོང་གི་ཁྲོམ་ར་ཆེ་ཤོས་ལ་འགྱུར་བཞིན་ཡོད། ཧྥ་རན་སེའི་དབྱི་ནུའོ་ཝུའེ་ཕུའུ་བློ་འདྲི་ཀུང་སིས་ཟླ་1ཚེས་8ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2021ལོ་དང་2022ལོར། ཡོ་རོབ་ཀྱིས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་རླངས་འཁོར་གྱི་གྲངས་འབོར་ཆེས་ཆེར་འཕར་ནས་ཀྲུང་གོས་ཐོན་སྐྱེད་བྱས་པའི་རླངས་འཁོར་ཡོ་རོབ་ཀྱིས་ནང་འདྲེན་བྱས་པའི་རླངས་འཁོར་གྱི་སྐལ་གྲངས་ཨང་བཅུ་པ་ནས་ཨང་གཉིས་པར་འཕར་ཡོད་པ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2023ལོར་ཐེ་ལན་དུ་བཟོ་གྲྭ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པའི་ཀྲུང་གོའི་རླངས་འཁོར་ཁེ་ལས་གྲས་སུ་ཁྲང་ཨན་རྟགས་ཅན་གྱི་རླངས་འཁོར་དང་། ཧྲང་ཧའེ་རླངས་འཁོར་ཚོགས་པ། པི་ཡ་ཏི། ནོ་ཀྲ་སོགས་ཡོད་པ་དང་འཆར་འགོད་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་100ལྷག་ཙམ་ཟིན་གྱི་ཡོད་པ་རེད། ན་ནིང་ཟླ་4པའི་ཟླ་མཇུག་ཏུ་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་12ཟིན་པའི་ཐོན་ལས་གླིང་ཁུལ་སྐྲུན་འགོ་ཚུགས་ཤིང་། གླིང་ཁུལ་གྱིས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་འགག་རྩའི་ལྷུ་ལག་རང་ས་ཅན་གྱི་ཐོན་སྐྱེད་ལ་དམིགས་རྒྱུ་ཡིན་པ་རེད། ཧྲང་ཧའེ་རླངས་འཁོར་ཀྲེང་ཏ་ཚོགས་པའི་ཙུང་ཚའེ་ཀྲའོ་ཧྥུང་གིས། ནུས་རྒྱུ་གསར་པའི་ཐོན་ལས་གླིང་གིས་ཐེ་ལན་འདི་ཉིད་ལྗང་མདོག་ཐཱན་ཉུང་གི་སྤྱི་ཚོགས་ལ་ཕྱོགས་སྒྱུར་བྱེད་པར་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་རེད་ཅེས་བརྗོད།

    2022ལོའི་ཟླ་10པར། དར་དམར་རྟགས་ཅན་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏི་པའེ་ཡི་ཉེན་རྟོག་པའི་རླངས་འཁོར་རུ་ཁག་ནང་ཞུགས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་སྤུས་རྟགས་དང་པོར་གྱུར་པ་དང་། 2022ལོའི་ལོ་མཇུག་ཏུ་ཅི་ལིའི་ཁོངས་གཏོགས་ཀྱི་ནུས་རྒྱུ་གསར་པའི་ཚོང་སྤྱོད་རླངས་འཁོར་སྤུས་རྟགས་ཀྱི་ཐག་རིང་རླངས་འཁོར་ཚོགས་པ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཁེ་ལས་དབར་ནུས་རྒྱུ་གསར་པའི་ཚོང་སྤྱོད་རླངས་འཁོར་1000གི་མངགས་ཐོ་བཞག་པ། ན་ནིང་ཟླ་6པར་པི་ཡ་ཏིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་ATTO3རྟགས་ཅན་གྱི་རླངས་འཁོར་བཏོན་པ་རེད། སྔོན་དཔག་བྱས་ན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་གློག་སྒུལ་རླངས་འཁོར་ཁྲོམ་ར་དེ་2022ལོ་ནས་2028ལོ་བར་ལོ་ལྟར་30%ཡི་མྱུར་ཚད་ཐོག་ནས་འཕར་རྒྱུ་ཡིན་པ་རེད།

    ཨེ་ཙེ་ཨོ་ཕི་ཡར་ཀྲུང་གོས་བཟོས་པའི་ཏ་ཀྲུང་རྟགས་ཅན་གྱི་IDརླངས་འཁོར་དེ་ས་གནས་དེ་གའི་གློག་སྒུལ་རླངས་འཁོར་ཁྲོམ་རའི་གཙོ་རྒྱུན་ཐོན་རྫས་ཀྱི་གྲས་ཤིག་ཏུ་གྱུར་ཡོད། ཀག་ནའི་ཁྲོམ་རའི་ཐོག་ཀྲུང་གོས་བཟོས་པའི་གློག་སྒུལ་རླངས་འཁོར་བཟོ་དབྱིབས་མི་འདྲ་བ་20ལྷག་ཙམ་ཡོད་པ་དང་། ཙམ་པབ་ཝེ་དང་ཁེན་ནི་ཡར་པི་ཡ་ཏིའི་གློག་སྒུལ་ཟོག་འདྲེན་རླངས་འཁོར་ཟོག་འགྲེམས་དང་སྐྱེལ་འདྲེན་ལས་རིགས་ནང་རྒྱ་ཁྱབ་ངང་སྤྱོད་ཀྱི་ཡོད། ལྷོ་ཨ་ཧྥེ་རི་ཁར་ཧྲང་ཧའེ་རླངས་འཁོར་ཏ་ཐུང་ཚོགས་པའི་eDeliver 3དང་ཤར་རླུང་འབྱོར་འབྲིང་EC3ཁྲོམ་རའི་ཐོག་གི་གྲགས་ཅན་ཐོན་རྫས་ཡིན་པས་ཕྱིར་ཚོང་བྱེད་ཚད་ལོ་རེ་བཞིན་འཕར་བཞིན་ཡོད་པ་རེད།

    རླངས་འཁོར་ཕྱིར་ཚོང་བྱེད་ཚད་མགྱོགས་སུ་ཕྱིན་པ་དང་ཆབས་ཅིག ནུས་རྒྱུ་གསར་པའི་རླངས་འཁོར་གྱི་ཐོན་ལས་འཁོར་འབྲེལ་ཡང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད། རྒྱལ་སྤྱིའི་རླངས་འཁོར་འགྲེམས་སྟོན་ཆེ་གྲས་ཁག་གི་ཐོག་སྔོན་ཐོན་ལག་རྩལ་སྣ་ཚོགས་ལྡན་པའི་དར་ཁྱབ་ཆེ་བའི་ཐོན་རྫས་ཡང་ཡང་ཐོན་པ་དང་། ཀྲུང་གོའི་སྤུས་རྟགས་ལས་བཀྲག་མདངས་ཆེན་པོ་འཚེར་ནས་ཀྲུང་གོའི་རིག་ནུས་གློག་སྒུལ་རླངས་འཁོར་གྱི་ལག་རྩལ་ལ་ཕྱི་རྒྱལ་གྱི་ཁྲོམ་རའི་ཐོག་ཁས་ལེན་ཡག་པོ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།