དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “དཔྱིད་གསར་དུས་ཆེན་འདི་ཉིད་དབྱི་ཀྭ་སུའུ་གྲོང་ཁྱེར་རིག་གནས་ཀྱི་ཆ་ཤས་ཤིག་ཏུ་གྱུར་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྲི་ཡོན་ཧའོ་དང་ཧྲའོ་ཧྲི་ཅུན།   |     སྤེལ་དུས།  2024-02-24

    ཉིན་ཤས་གོང་། པར་ཙིར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་། ཧྲེང་པའོ་ལུའོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག པར་ཙིར་གྱི་དབྱི་ཀྭ་སུའུ་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན—རྦབ་ཆུ་གྲོང་གིས་ཀྲུང་གོའི་འབྲུག་ལོ་དགའ་བས་བསུ”ཞེས་པའི་རིག་རྩལ་འཁྲབ་སྟོན་བྱེད་འགོ་ཚུགས་ཤིང་། པར་ཙིར་དང་ཨ་ཀེན་ཐིན་སོགས་རྒྱལ་ཁབ་ཀྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་དེ་བཞིན་ས་གནས་དེ་གའི་དམངས་ཚོགས་ཀྱིས་མཉམ་དུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།

    ན་ནིང་གི་ཟླ་གཉིས་པར། དབྱི་ཀྭ་སུའུ་གྲོང་ཁྱེར་གྱི་གྲོས་ཚོགས་ཐོག་དཔྱིད་གསར་དུས་ཆེན་འདི་ཉིད་གྲོང་ཁྱེར་དེའི་གཞུང་ཕྱོགས་ཀྱི་དུས་ཆེན་གྲས་སུ་འཇུག་རྒྱུའི་གྲོས་གཞིར་གྲོས་འཆམ་བྱུང་ཞིང་། འདི་ལོ་ནི་གྲོས་གཞི་དེར་གྲོས་འཆམ་བྱུང་རྗེས་གྲོང་ཁྱེར་དེས་བཏང་བའི་དཔྱིད་གསར་དུས་ཆེན་དང་པོ་དེ་ཡིན་པ་རེད། “དཔྱིད་གསར་དུས་ཆེན་འདི་ཉིད་དབྱི་ཀྭ་སུའུ་གྲོང་ཁྱེར་རིག་གནས་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཡོད”ཅེས་དབྱི་ཀྭ་སུའུ་གྲོང་ཁྱེར་གྲོས་ཚོགས་ཀྱི་གཞུང་ཕྱོགས་དྲ་བའི་ཐོག་སྤེལ་ཡོད་པ་རེད། གྲོས་གཞི་དེ་འདོན་མཁན་གྲོང་ཁྱེར་དེའི་གྲོས་ཚོགས་ཀྱི་གྲོས་དཔོན་མོ་ལཱ་ལེ་སི་ཡིས་གསར་འགོད་པར་ས་གནས་དེ་གའི་ཀྲུང་གོ་བར་དཔྱིད་གསར་དུས་ཆེན་གྱི་དྲོ་སྐྱིད་ཚོར་དུ་འཇུག་པ་དང་། དབྱི་ཀྭ་སུའུ་གྲོང་ཁྱེར་གྱི་མི་དམངས་ལ་ཀྲུང་གོའི་ཕུན་སུམ་ཚོགས་པའི་རིག་གནས་མྱོང་རོལ་བྱེད་དུ་འཇུག་པ་ནི་དབྱི་ཀྭ་སུའུ་གྲོང་ཁྱེར་ལ་མཚོན་ན་ཧ་ཆང་གལ་འགངས་ཆེན་པོ་ཞིག་ཡིན། དཔྱིད་གསར་དུས་ཆེན་གྱི་བྱེད་སྒོ་བརྒྱུད་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    “དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་ནི་དབྱི་ཀྭ་སུའུ་གྲོང་ཁྱེར་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན”རྟེན་འབྲེལ་བྱེད་སྒོ་བརྒྱུད་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་མྱོང་རོལ་བྱེད་ཐུབ་པ་མ་ཟད། ད་དུང་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བར་ཤུགས་སྣོན་ཐེབས་ནས་ཀྲུང་གོའི་དམངས་ཚོགས་དེ་བས་མང་བས་དབྱི་ཀྭ་སུའུ་ལ་རྒྱུས་མངའ་ལོན་ཐུབ་ཅེས་དབྱི་ཀྭ་སུའུ་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ཨན་ཏེ་ལི·ཨཱ་ལི་ཡཱ་ནཱ་ཡིས་བརྗོད་པ་རེད།

    པར་ཙིར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་ཚན་ཙན་ཧྲུའུ་ཅན་ཕིང་གིས། ཀྲུང་གོ་དང་པར་ཙིར་ནི་ཐུན་མིན་ཁྱད་ཆོས་ལྡན་པའི་རིག་གནས་རྒྱལ་ཁབ་སྟོབས་ཆེན་གཉིས་ཡིན་པས་རྒྱལ་ཁབ་གཉིས་དབར་གྱི་རིག་གནས་སྤེལ་རེས་ལ་བཀྲག་མདངས་འཚེར་ས་མང་པོ་ཡོད། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བར་དྲན་གསོ་ཞུ་བའི་གལ་ཆེའི་རིག་གནས་བྱེད་སྒོ་ཐོག་མ་དེ་ཡིན་པའི་ཆ་ནས། པར་ཙིར་གྱིས“དགའ་སྤྲོ་འཁོལ་བའི་དཔྱིད་གསར་དུས་ཆེན”ཞེས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་རྒྱལ་ཁབ་གཉིས་དབར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་ཤུགས་སྔར་བས་ཆེ་རུ་འགྲོ་བ་དང་དམངས་སེམས་གཅིག་སྒྲིལ་ཡོང་བར་སྐུལ་འདེད་ཐེབས་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།