དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ལྟ་ན་སྡུག་པའི་མཚོ་སྔོན་གྱི་དགུན་ལྗོངས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆའོ་ཏུང་།   |     སྤེལ་དུས།  2024-02-24

    “དབྱར་དུས་རི་ལ་ལྟ། དགུན་དུས་གངས་ལ་ལྟ” ལུགས་རྙིང་ལོའི་ཟླ་བཅུ་གཉིས་པའི་ནང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཕིང་ཨན་དབྱི་ཡུལ་སྐོར་གྲོང་རྡལ་ཆུང་ངུར་ཡུལ་སྐོར་བ་ཞུང་ཁའེ་ཡིས་འཁྱགས་འཁོར་དེད་ནས་ཕྲུ་གུ་དང་མཉམ་དུ་འཁྱགས་ཐོག་ཏུ་རྩེད་འཇོར་རོལ་བཞིན“ངས་སྔ་ས་ནས་འཆར་གཞི་བཀོད་ཡོད། ཕྱི་དྲོར་འཁྱགས་ཐོག་རོལ་རྩེད་རྩེ་རྒྱུ་དང་དགོང་མོར་གྲོང་རྡལ་གྱི་དམངས་སྲོལ་གནས་ཚང་དུ་སྡོད་ཀྱི་ཡིན། ཁྲའེ་ཧའོ་བྱ་ཤ་བཟས་རྗེས་འཁྱགས་ཐོག་གི་ལྟད་མོ་ལྟ་རྒྱུ་དང་། ཉིན་གཉིས་པར་ཁྲོམ་གཞུང་རྙིང་པར་བསྐྱོད་ནས་ཇ་ཞིམ‘ཁ་བཅད་ཅན’བཏུངས་ཏེ་གཟའ་མཇུག་འདིར་སྐྱིད་ལ་རོལ་རྒྱུ་ཡིན”ཞེས་བཤད།

    གངས་འཁྱགས་ཡུལ་སྐོར་ལ་མཚོ་སྔོན་ཞིང་ཆེན་དུ་དགའ་པོ་བྱེད་མཁན་མང་པོ་ཡོད། མྱོང་ཚོར་ཟབ་ཤོས་ནི་གངས་ཤུད་ལུས་རྩལ་དང་འཁྱགས་ཐོག་རྣམ་གྲངས་རེད། རི་ཀླུང་མང་པོའི་རང་བྱུང་གི་ས་ཁམས་ཁོར་ཡུག་ལས་མཚོ་སྔོན་ལ་གངས་རིའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་དགུན་དུས་ཕྱི་རོལ་འགྲན་དོན་ལྟེ་གནས་ཀྱི་ཀྲུའུ་རེན་ལི་ཝེ་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ལ་གངས་ཤུད་ར་བ་16ཡོད་པ་རེད། “དགུན་ཁ་ཤར་རྗེས་གངས་ཤུད་ལ་དགའ་པོ་བྱེད་མཁན་མང་པོ་ཡོང་གི་ཡོད་པས་ཟི་ལིང་དང་མཚོ་ཤར་སོགས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་ཐུབ་ཀྱི་འདུག” མི་རིང་བའི་གོང་གི་གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་ཟི་ལིང་ནས་ཡོང་བའི་ཕྱི་རོལ་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཧྥུའུ་ཅང་དང་ཁོང་གི་གྲོཌ་པོ་ཚོས་གངས་དཀར་རི་བོ་འཛེཌ་པ་རེད། འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་ཁོངས་ཀྱི་གངས་དཀར་རི་བོ་ནི“རྒྱལ་ཁབ་གངས་ཤུད་རི་འཛེག་སྦྱོང་བརྡར་རྟེན་གཞི”ཞིག་ཡིན་པས། དགུན་ཁ་ཤར་ཡང་སྔར་བཞིན་མི་མང་པོ་ཡོད། འཇུ་ལག་རྫོང་གིས“གངས་དཀར་རི་བོ་རྒྱལ་སྤྱིའི་གངས་ཤུད་རི་འཛེག་སྤེལ་རེས་ཚོགས་ཆེན”སྐབས་མང་པོ་གཉེར་ཡོད། གངས་དཀར་རི་བོ་ལས་གཞན་ད་དུང་མཚོ་སྔོན་ཡུལ་ཤུལ་གྱི་གཡུ་འབྲུག་ལྷ་རྩེ་དེ་རི་འཛེག་གྲོང་རྡལ་ཆུང་ངུ་ཞིག་ཏུ་འཛུགས་གཏོད་བྱེད་བཞིན་ཡོད། “2023ལོར‘གངས་རིར་འཛེག་པའི’བྱེད་སྒོས་ཡིད་དབང་བཀུག་ནས་ཡོང་བའི་ཡུལ་སྐོར་བ་ཧ་ལམ་ཁྲི་1ཟིན་ཡོད”ཅེས་ལི་ཝེ་ཏུང་གིས་ངོ་སྤྲོད་བྱས།

    རྐང་ཚ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཅཱ་ཀྲེང་པིང་གིས། “ང་ཚོས‘དགུན་དུས་མཚོ་བྱང་ལ་ཡུལ་སྐོར་བྱེད’ཅེས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་བཙུགས་ཡོད་པས། ཡུལ་སྐོར་བས་དགུན་དུས་ཀྱི་མཚོ་སྔོན་པོ་ཉམས་སུ་མྱོང་ཆོག”ཅེས་ངོ་སྤྲོད་བྱས།

    མཚོ་སྔོན་གྱི་ཁྱད་ལྡན་མི་རིགས་རིག་གནས་དང་ཟུང་འབྲེལ་བྱས་པའི་གངས་འཁྱགས་ཡུལ་སྐོར་དེ་ཀུན་གྱིས་དོ་སྣང་བྱེད་ས་གསར་པ་ཞིག་ཏུ་འགྱུར་ཡོད། ཟླ་1ཚེས་15ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གིས་དགུན་དུས་ཀྱི་ནཱ་ཏཱ་མུའུ་དང་གངས་འཁྱགས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོ་གཉེར་སྐབས་ཁ་ཐོག་ཏུ་ཐེ་པེད་རྒྱག་པ་དང་ཁ་ཐོག་ཏུ་རྟ་རྒྱུག་མདའ་འཕེན་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བ་མ་ཟད། ད་དུང་གངས་འཁྱགས་རིག་གནས་གྱང་དང་ལོ་སྐོར་བཅུ་གཉིས་ཀྱི་ལྒང་བཞུ་ཚོན་ཁྲ་ཅན་སོགས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པའི་གངས་འཁྱགས་འགྲེམས་སྟོན་ཡང་བྱས་པ་རེད།

    གངས་བབས་པའི་དུས་ཚིགས་གསར་པར་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“རྨ་ཙོང་དམངས་སྲོལ་རིག་གནས”དང“རྨ་ཙོང་གནའ་ལམ་གྱི་གངས་འཁྱགས”སོགས་བརྗོད་དོན་གཙོ་བོར་དམིགས་ནས་དགུན་དཔྱིད་ཡུལ་སྐོར་ལམ་ཐིག་རྩེ་གྲ་11བཏོན་པའི་ནང་ལམ་རྒྱུད་ཀྱི་རང་བྱུང་མཛེས་ལྗོངས་མྱོང་རོལ་ཐུབ་པའི“གངས་ཤུད་ལམ་ཐིག”དང་། སྟོང་སྐོར་གྱི་ཙུང་ཅཱ་ཀོའུ་མཛེས་ལྗོངས་ཀྱི་རྦབ་ཆུ་ཆེན་པོ། འཁྱགས་བརྐོས་མཛེས་ལྗོངས་སོགས“གངས་འཁྱགས་མཛེས་ལྗོངས་ལམ་ཐིག”ཚུད་པ་མ་ཟད། ད་དུང་སྟོང་སྐོར་ལྒང་བཞུ་དང་མེ་ཏོག་མཆོད་པ་སོགས་དམངས་སྲོལ་འཁྲབ་སྟོན་མྱོང་རོལ་གྱི་ཡུལ་སྐོར་ལམ་ཐིག་ཀྱང་ཚུད་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། གནམ་ལོ་གསར་ཚེས་ཀྱི་གུང་གསེང་ནས་དཔྱིད་གསར་དུས་ཆེན་གྱི་གུང་གསེང་བར། མཚོ་སྔོན་ཞིང་ཆེན་གྱིས་དགུན་དཔྱིད་རིག་གནས་ཡུལ་སྐོར་གྱི་ལུས་རྩལ་བྱེད་སྒོ་200ལྷག་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།