དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་བོད་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་4.8ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-24

    བོད་ལྗོངས་ཉིན་རེའི་ཚཌ་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱས་པར། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་བོད་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་4.8ཟིན་ནས་དུས་མཚུངས་ལས་20.2%འཕར་ཡོད་པ་རེད། དེའི་ནང་དངོས་རྫས་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་4.04ཟིན་ནས་དུས་མཚུངས་ལས་18.3%འཕར་བ་དང་། ཞབས་ཞུ་རྣམ་པའི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་ཁྲི་7582.2ཟིན་ནས་དུས་མཚུངས་ལས་32.0%འཕར་བ། ཐད་གཏོང་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་ཁྲི་7916.3ཟིན་ནས་དུས་མཚུངས་ལས་28.5%འཕར་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་བོད་ཀྱི་དྲ་རྒྱའི་སིལ་ཚོང་ཁྲོད་བོད་ཀྱི་ཁྱད་ལྡན་ཐོན་རྫས་བྲིན་ཁ་རྒྱུག་པའི་ཁྱད་ཆོས་མངོན་ཡོད། བོད་ཀྱི་འཚོ་བཅུད་ལྡན་པའི་བཟའ་བཅའི་བྲིན་ཚད་དུས་མཚུངས་ལས་146.7%འཕར་བའི་ནང་དབྱར་རྩྭ་དགུན་འབུའི་བྲིན་ཚད་དུས་མཚུངས་ལས་187.5%འཕར་བ་དང་། ཤ་མོ་རིགས་ཀྱི་འཚོ་བཅུད་དངོས་རྫས་བྲིན་ཚད་དུས་མཚུངས་ལས་105.9%འཕར་བ། ལག་ཤེས་བཟོ་རྩལ་ཐོན་རྫས་བྲིན་ཚད་དུས་མཚུངས་ལས་436.1%འཕར་བ། ཚགས་ཤ་སྐམ་པོ་དང་ཤ་བསྙལ་མའི་རིགས་བྲིན་ཚད་དུས་མཚུངས་ལས་181.1%འཕར་བ་བཅས་རེད།

    མང་ཚོགས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་སྐོང་བ་དང་། དུས་ཆེན་གྱི་རྣམ་པ་གཏོད་པ། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་བཅས་བྱ་ཆེད། ཟླ་2ཚེས་1ཉིན་ནས་ཚེས་17ཉིན་བར། བོད་ཀྱི་རིམ་ཁག་ཚོང་དོན་སྡེ་ཚན་གྱིས་རླངས་འཁོར་དང་། ལྗང་མདོག་རིག་ནུས་ཁྱིམ་ཆས། ཁོར་ཡུག་སྲུང་སྐྱོང་ཁྱིམ་ཆས། བརྒྱ་ཟོག བཟའ་བཏུང་། སྣུམ་གྲུབ་མ་སོགས་ལས་སྒོའི་ཁྱབ་ཁོངས་ལ་འཛད་སྤྱོད་ཁ་གསབ་སྒོར་ཁྲི་3634.58སྤྲད་པས་འཛད་སྤྱོད་བྱེད་ཚད་སྒོར་ཁྲི་22871.52ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།