དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བསྟན་འཛིན་དངོས་གྲུབ་ཀྱིས་སྒང་གསོམ་ཤིང་གི་ནགས་ཚལ་བརྟན་སྲུང་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-23

    འདི་ནི་རྒྱང་རིང་ནས་མཐོང་བའི་སྤོ་བོ་རྫོང་གི་སྒང་གསོམ་ཤིང་གི་ནགས་ཚལ་ཡིན་པ།

    འདི་ནི་ནགས་སྲུང་པ་བསྟན་འཛིན་དངོས་གྲུབ་ཀྱིས་ཞོགས་པ་སྔ་པོ་ནས་སྐོར་གཡེང་ལས་ལ་གཞོལ་བཞིན་པ།

    བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དུ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་46ཡོད་པའི་སྒང་གསོམ་ཤིང་གི་ནགས་ཚལ་སྟུག་པོ་ཞིག་ཡོད། རྩ་ཆེའི་ནགས་ཤིང་དེ་དག་སྲུང་སྐྱོང་བྱ་ཆེད། བསྟན་འཛིན་དངོས་གྲུབ་ཀྱིས་ཆུང་དུས་ནས་སྒང་གསོམ་ཤིང་གི་ནགས་ཚལ་སྲུང་སྐྱོང་ལ་ལེགས་སྐྱེས་ཕུལ་ཡོད།

    བསྟན་འཛིན་དངོས་གྲུབ་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་གནས་སའི་རྐང་པ་གྲོང་ཚོའི་གྲོང་མི་ཚང་མར་སྐོར་གཡེང་བྱེད་པའི་ལས་འགན་ཡོད་ཅིང་། རྒྱུན་གཏན་ཁོང་ཚོས་ཚོགས་ཆུང་རེར་མི་གཉིས་རེ་བྱས་ཏེ་ནགས་ཚལ་ལ་སྐོར་གཡེང་བྱེད་པ་དང་། ནགས་ཚལ་གྱི་ཕྱོགས་གང་སར་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཡོད་མེད་ཞིབ་བཤེར་བྱེད་པ་དང་། སྐམ་ནས་ཕུང་གསོག་ཐེབས་པའི་ཡལ་ག་གཙང་སེལ་བྱེད་པ་སོགས་ནི་ཁོང་ཚོས་རྒྱུན་གཏན་སྒྲུབ་དགོས་པའི་ལས་འགན་རེད།



    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།