དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • འཕྱོངས་རྒྱས་རྫོང་གྲོང་བདུན་སྡེ་ཁུལ་གྱིས་མང་ཚོགས་ལ་ལོ་འཁོར་གྱི་མཉམ་སྡེབ་དཔལ་འབྱོར་གྱི་བགོ་འགྲེམས་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-23

    ཉེ་ཆར། འཕྱོངས་རྒྱས་རྫོང་འཕྱོངས་རྒྱས་གྲོང་རྡལ་གྲོང་བདུན་སྡེ་ཁུལ་གྱིས་མང་ཚོགས་ཡོངས་སྒྲིག་འཛུགས་བྱས་ཏེ། དམངས་ཆེད་སྐྱེ་ཁམས་འབྲི་གཡག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་བགོ་འགྲེམས་ཚོགས་ཆེན་འཚོགས་ནས་མ་རྐང་ནང་ཞུགས་མཁན་ལ་2023ལོའི་མཉམ་ལས་ཁང་གི་ཐོན་སྐྱེད་གཉེར་སྐྱོང་དང་། ཡོང་འབབ་བགོ་འགྲེམས་གནས་ཚུལ། དེ་བཞིན་ཡོང་འབབ་དང་གཏོང་སྒོ་ཁག་གི་གནས་ཚུལ་བཅས་གསལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། སྡེ་ཁུལ་གྱི་མང་ཚོགས་དུད་ཚང་51ལ་ཁྱོན་དངུལ་སྒོར་25250བགོ་འགྲེམས་བརྒྱབ་པ་དང་ངལ་ནུས་མཁོ་འདོན་བྱེད་མཁན་མང་ཚོགས་80ལ་ལས་མིའི་གླ་ཆ་ཁྱོན་སྒོར་ཁྲི་16སྤྲད་པ་རེད།

    གྲོང་བདུན་སྡེ་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་དང་མཉམ་ལས་ཁང་གི་ལས་འཛིན་པ་བཀྲ་ཤིས་ཉི་མས། སླད་ཕྱིན་སྣེ་ཁྲིད་པའི་ནུས་པ་ཡག་པོ་བཏོན་ནས་མཉམ་ལས་ཁང་གི་གཞི་ཁྱོན་ཆེ་རུ་དང་བྲིན་ཚོང་ལམ་བུ་ཡངས་སུ་ཧུར་ཐག་བཏང་སྟེ། དེ་བས་ཚན་རིག་དང་མཐུན་པ་དང་། ཚད་དང་ལྡན་པ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་མཉམ་ལས་ཁང་གི་རྒྱ་སྟོབས་ཆེ་རུ་གཏོང་རྒྱུ་དང་། ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཏེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་མང་ཚོགས་ཀྱི་ཡོང་འབབ“གཉིས་ཀ་འཕར་བའི”ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། དམངས་ཆེད་སྐྱེ་ཁམས་འབྲི་གཡག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་ནི་གྲོང་བདུན་སྡེ་ཁུལ་གྱི“གྲོང་ཚོ་རེ་ལ་སྤུས་རྟགས་རེའི”ཁྱད་ལྡན་ཐོན་ལས་ཡིན་ཞིང་། 2023ལོར་མཉམ་ལས་ཁང་དེས་འབྲི་གཡག་མགོ་གྲངས་130གསོ་ཚགས་བྱས་པ་ནས་མགོ་གྲངས་13བཤས་བཏང་བར་ཁྱོན་ཡོང་འབབ་སྒོར་ཁྲི་14ལྷག་ཙམ་བྱུང་ནས། སྡེ་ཁུལ་གྱི་མང་ཚོགས་དུད་ཚང་10ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།