གཞིས་རྩེ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དང་པོས“བརྩེ་བ་བོད་ལ་བཅངས·གཅེས་སེམས་ཟབ་པའི་ཀྲེ་ཅང”ཞེས་པའི་སྤྱི་ཕན་བྱེད་སྒོ་སྤེལ་བ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དང་པོས“བརྩེ་བ་བོད་ལ་བཅངས·གཅེས་སེམས་ཟབ་པའི་ཀྲེ་ཅང”ཞེས་པའི་གཞིས་རྩེར་སྐྱོད་པ་དང་གཅེས་སེམས་མཚོན་པའི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཏེ། སེམས་ཁམས་ཁྲིད་སྟོན་དང་བསམ་པའི་འཕྲོད་བསྟེན་སྨན་བཅོས་རོགས་སྐྱོར་རྣམ་གྲངས་ལག་ལེན་བསྟར་བ་རེད། ད་རེས་ཀྱི་བྱེད་སྒོར་གཅེས་སེམས་རྩལ་ནུས་ཚོགས་པ་2བཀུག་པར་ཁྱོན་མི་5ཡོད་པ་དང་། བསྡོམས་སྒོར་ཁྲི་9.2རི་བའི་གཅེས་སེམས་མཚོན་བྱེད་དངོས་ཟོག་ཁ་གྲངས་888སྤྲད་པ། སློབ་མར་ས་མཐོའི་ལུས་རྩལ་ལྷམ་དང་དྲོད་སྲུང་ནང་འཇམ་སོགས་འཚོ་བའི་མཁོ་ཆས་ཞལ་འདེབས་བརྒྱབ་པར་ཕན་པ་ཐོབ་མཁན་མི་གྲངས་712ཟིན་ཡོད།
སློབ་མ་ཚོས། ད་རེས་ཀྱི་གཅེས་སེམས་མཚོན་པའི་སྤྱི་ཕན་བྱེད་སྒོ་བརྒྱུད་ང་ཚོས་མཉམ་སྤྱོད་ཞེས་པ་དེ་གང་འདྲ་ཞིག་ལ་ཟེར་བ་ཤེས་བྱུང་། སླད་ཕྱིན་ངེས་པར་དུ་སློབ་སྦྱོང་ལ་བརྩོན་འགྲུས་དང་རྒྱང་རིང་གི་ཕུགས་བསམ་བཙུགས་ཏེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་གཅེས་སྐྱོང་གནང་བའི་བཀའ་དྲིན་འཇལ་གྱི་ཡིན་ལ། ཚང་མའི་རེ་བ་ཆུད་ཟོས་སུ་མི་གཏོང་བར་རྒྱལ་ཁབ་འཛུགས་སྐྲུན་གྱི་ཀ་མདུང་ལྟ་བུར་སྔ་ཙམ་འགྱུར་བའི་འབད་བརྩོན་ཡང་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།