དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྣམ་གྲངས་འཛུགས་སྐྲུན་དང་། ཞབས་ཞུ་འགན་ལེན། ཚོང་འགུགས་མ་འདྲེན་བཅས་ལ་དམིགས་པ།

    ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་འཕེལ་རྒྱས་ལ“འགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་པའི”བརྩོན་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-23

    ལོ་གསར་པའི་ནང་ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་2024ལོའི་དུས་ཚིགས་དང་པོའི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི“འགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་པའི”བྱ་ཐབས་འགའ་ཞིག་སྐོར་གྱི་བརྡ་ཐོ་བཀྲམ་ནས། ཁེ་ལས་ཀྱི་ལས་གནས་བརྟན་པོ་དང་། ཐོན་སྐྱེད་བརྟན་པོ། ཕན་འབྲས་ཆེར་གཏོང་བཅས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་ཁག་9བཏོན་པ་དང་། རྣམ་གྲངས་འཛུགས་སྐྲུན་དང་། ཞབས་ཞུ་འགན་ལེན། ཚོང་འགུགས་མ་འདྲེན་བཅས“དཔྱིད་དུས་ཀྱི་ལས་དོན་ཆེན་པོ་གསུམ”སྤེལ་ནས་གླིང་དེའི་ཁེ་ལས་ལ་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེར་གཏོང་དང་། འཕེལ་རྒྱས་ཀྱི་གསོན་ཤུགས་འཕེལ་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་གཅིག་སྒྲིལ་བཅས་ཡོང་བར་བྱས་ཡོད། འདི་ལོའི་དུས་ཚིགས་དང་པོར་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་ཁྲི་5400ཡན་བཏང་བ་དང་། དམིགས་སར་འབྱོར་བའི་ཚོང་འགུགས་མ་དངུལ་སྒོར་དུང་ཕྱུར་1ཡན་ཟིན་པ། བཟོ་ལས་ཐོན་རྫས་རིན་ཐང་སྒོར་ཁྲི་2800ཡན་ཟིན་པ། དངོས་སུ་མཛོད་འཇུག་བྱས་པའི་ཁྲལ་འབབ་སྒོར་ཁྲི་600ཡན་ཟིན་པ་བཅས་ཀྱི་བརྩོན་ལེན་བྱས་ནས“འགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་པའི”འགན་ལེན་བྱས་པ་རེད།

    རྣམ་གྲངས་འཛུགས་སྐྲུན་གྱི་ལས་དོན་སྤེལ་ནས་རྣམ་གྲངས་ཐོན་སྐྱེད་བྱེད་མཚམས་མི་འཇོག་ཅིང་། རྣམ་གྲངས་ཀྱི་དུས་འགོའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ནས་ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་མཉམ་འབྲེལ་གྲོས་ཚོགས་ལམ་སྲོལ་གཏིང་ཟབ་ཏུ་བཏང་སྟེ《དཔལ་འབྱོར་གསར་སྤེལ་ཁུལ་གྱི་རྣམ་གྲངས་གལ་ཆེན་དང་གཙོ་གནད་ཁེ་ལས་ཀྱི་འགན་ལེན་ཞབས་ཞུའི་ལས་དོན་ཇུས་གཞི》བཟོས་པ་དང་། གཟའ་འཁོར་གྱི་བཀོད་གཏོང་ལམ་ལུགས་ལག་ལེན་བསྟར་ཏེ་རྣམ་གྲངས་ཁག་གི་སྔོན་སྒྲུབ་ཚན་པས་སྔ་སྣུར་དུ་ཞུགས་པ་དང་། ལས་ཡུན་ལྡོག་སྒྲིག ཡུག་སྦྲེལ་ཞིབ་མཆན་བཅས་ལ་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཞིབ་མཆན་གྱི་དུས་ཚོད་ཐུང་དུ་གཏོང་བ་དང་དུས་འགོའི་འགྲོ་ལུགས་གཉེར་མགྱོགས་སུ་བཏང་ནས། རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་རེད། རྣམ་གྲངས་ཀྱི་ཨར་ལས་ཀྱི་རང་འགུལ་དམག་འཐབ་ཡག་པོ་རྒྱག་པ་དང་། ཨར་སྐྲུན་ཁྱབ་ཁོངས་ཀྱི་དཔྱིད་ཀའི་གཅེས་སེམས་བྱ་སྤྱོད་སྤེལ་བ། ཨར་སྐྲུན་ཚན་པར“ལས་ཞུགས་ཤོག་ཆག”སྤྲོད་པ་དང་། ཞག་སྡོད་འགན་ལེན་བྱེད་པ། བཟའ་བཅའ་ལེགས་སུ་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཨར་སྐྲུན་བཟོ་པ་ལས་གནས་སུ་སྡོད་པར་ལྕག་སྐུལ་བྱས་ཡོད།

    ཞབས་ཞུ་འགན་སྲུང་གི་ལས་དོན་སྤེལ་ནས་ཁེ་ལས་ཐོན་སྐྱེད་བྱེད་མཚམས་མི་འཇོག་ཅིང་། གཙོ་རྒྱུ་ཀུན་འདུས་ཀྱིས་ཁེ་ལས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ནས་ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཁེ་ལས་དང་འབྲེལ་བའི་ཞབས་ཞུའི་ཆེད་གཉེར་ཁུལ་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཆེད་མི་བཀོད་སྒྲིག་བྱས་ནས་བརྒྱུད་རིམ་ཧྲིལ་པོར་ཚོང་འགུགས་མ་འདྲེན་རྣམ་གྲངས་ཀྱི་སྔོན་སྒྲུབ་འགྲོ་ལུགས་རྗེས་སྙེག་ཚབ་སྒྲུབ་བྱེད་པ་དང་། རྣམ་གྲངས་དོན་འཁྱོལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། “ཚད་ལྡན་ས་ཆ”དང“ཚད་ལྡན་བཟོ་གྲྭ”གང་མགྱོགས་སྐྲུན་པ། བཟོ་ལས་ལ་སྤྱོད་པའི་ས་ཆའི་ཐད“ས་ཆ་སྤྲད་མ་ཐག་ལག་ཁྱེར་སྤྲོད་པ”དང་། “ས་ཆ་རག་མ་ཐག་ལས་འགོ་འཛུགས་པའི”ལས་དོན་འཚོལ་ཞིབ་བྱས་ནས་སྤེལ་བ། དུས་ཚོད་ཡོལ་ནས་ལས་འགོ་ཚུགས་པའི་ཁ་ཆད་ལས་འགལ་བའི་དངུལ་ཆད་དང་ས་ཆ་གསར་སྤེལ་བེད་སྤྱོད་ཀྱི་ཁ་ཆད་ལག་བསྟར་གྱི་ཁག་ཐེག་དངུལ་མི་བསྡུ་བ། ཁེ་ལས་ཀྱི་འགྱུར་མེད་རྒྱུ་ནོར་གྱི་ཐོ་འགོད་དང་འགྲོ་ལུགས་གཉེར་བའི་ཡིག་ཆ་ཁུ་བསྡུ་བྱེད་པ། ཁེ་ལས་ཀྱི་ས་སྤྱོད་འགྱུར་མེད་རྒྱུ་ནོར་གྱི་ཐོ་འགོད་ལག་ཁྱེར་གྱི“ཆད་རུང་བདག་སྤྲོད”སོགས་ཁེ་ལས་ལ་ཕན་པའི་བྱེད་ཐབས་ཁྱབ་གདལ་གཏོང་བ་བཅས་བྱས་ནས། ཚོང་འགུགས་ཁེ་ལས་ཀྱིས་གཞུང་ཁོངས་འཛུགས་སྐྲུན་ས་ཆའི་བེད་སྤྱོད་དབང་ཆ་གང་མགྱོགས་ཐོབ་པའི་འགན་ལེན་བྱས་ཏེ། གཞུང་ཁོངས་འཛུགས་སྐྲུན་ས་ཆའི་བེད་སྤྱོད་དབང་ཆ་ཐོབ་རུང་ལས་འགོ་ཚུགས་མེད་པའི་རྣམ་གྲངས་དག་2024ལོའི་ཟླ་3ཚེས་31ཉིན་གོང་ཨར་སྐྲུན་བྱེད་འགོ་འཛུགས་རྒྱུ་མ་ཟད། སྒོར་ཁྲི་500ཡན(ས་ཆ་ནང་བཤུག་སྤྲོད་དངུལ་ཚུད་མེད་པ)གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་གྲངས་གཞིའི་ནང་བཅུག་པའི་ཁེ་ལས་ལ་བྱ་དགའ་ངེས་ཅན་སྤྲོད་རྒྱུ་རེད།

    ཚོང་འགུགས་མ་འདྲེན་གྱི་ལས་དོན་སྤེལ་ནས་ཚོང་འགུགས་བྱེད་མཚམས་མི་འཇོག་ཅིང་། གཟིགས་སྐྱོང་སྲིད་ཇུས་མཐའ་འཁྱོངས་ཀྱིས་ཚོང་འགུགས་ལ་དམ་འཛིན་བྱས་ནས《ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཚོང་འགུགས་མ་འདྲེན་གང་མགྱོགས་བྱས་ཏེ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག》སོགས་གཟིགས་སྐྱོང་སྲིད་ཇུས་སྔ་རྗེས་སུ་བཏོན་པའི་རྨང་གཞིའི་ཐོག《ནུས་རྒྱུ་གཙང་མའི་ཐོན་ལས་འཁོར་འབྲེལ་གྱི་ཚོང་འགུགས་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི》སོགས་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཆར་ཟིན་འགོད་པར་གཞོགས་འདེགས་བྱས་ཏེ། དཔལ་འབྱོར་གསར་སྤེལ་ཁུལ་ལ་ནུས་རྒྱུ་གཙང་མ་དང་། ས་མཐོའི་སྐྱེ་དངོས། ལྗང་མདོག་བཟོ་ལས། ཚོང་དོན་ཟོག་འགྲེམས་བཅས་གཙོ་ཁྲིད་ཐོན་ལས་ཆེན་པོ་བཞིའི་རྣམ་པ་རགས་ཙམ་ཆགས་པར་སྐུལ་འདེད་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།