དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཏང་ཨུད་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ལྷན་གྱིས《བསམ་འཆར》བཀྲམ་ནས་བླང་བྱ་བཏོན་དོན།

    སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་ཁྲིམས་རར་ཞུགས་ནས་ཞུ་ལན་སློག་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-23

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ཨུ་ལྷན་གྱིས《སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་ཁྲིམས་རར་ཞུགས་ནས་ཞུ་ལན་སློག་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་ཁྲིམས་རར་ཞུགས་ནས་ཞུ་ལན་སློག་པའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བར་ཞིབ་ཕྲའི་བླང་བྱ་གསར་པ་བཏོན་ཡོད།

    《བསམ་འཆར》ནང་ཁ་གསལ་བཏོན་དོན། སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་ཁྲིམས་རར་ཞུགས་ནས་ཞུ་ལན་སློག་པ་རྩ་དོན་དུ་འཛིན་པ་དང་ཁྲིམས་རར་མ་ཞུགས་པར་ཞུ་ལན་སློག་པ་དམིགས་བསལ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་དང་། སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སོགས་དང་འབྲེལ་བ་ཡོད་པའི་སྤྱི་པའི་ཁེ་ཕན་གལ་ཆེན་དང་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའམ་ཡང་ན་ཚོགས་སྤྱིའི་རང་བཞིན་གྱི་དོན་རྐྱེན་ཐོན་སྲིད་པ་སོགས་ཀྱི་གྱོད་གཞི་དང་། དེ་བཞིན་མི་དམངས་ཁྲིམས་ཁང་གིས་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་ཁྲིམས་རར་ཞུགས་ནས་ཞུ་ལན་སློག་དགོས་པའི་ཡིག་ཐོག་བརྡ་ཐོ་བཏང་བའི་གྱོད་གཞི་ཡིན་ཚེ། སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བས་ཁྲིམས་རར་ཞུགས་ནས་ཞུ་ལན་སློག་དགོས།

    《བསམ་འཆར》ནང་བླང་བྱ་བཏོན་དོན། སྲིད་འཛིན་ཞུ་ལན་སློག་པའི་ལས་དོན་ལ་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་ཁྲིམས་རར་ཞུགས་ནས་ཞུ་ལན་སློག་པ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་གི་དཔྱད་ཞིབ་དམིགས་ཚད་ཀྱི་མ་ལག་ནང་འཇུག་དགོས། རིམ་ཁག་མི་དམངས་སྲིད་གཞུང་གིས་རིམ་པ་དེ་གའི་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བས་ཁྲིམས་རར་ཞུགས་ནས་ཞུ་ལན་སློག་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱས་ཏེ་ལྷག་པའི་གནད་དོན་ལ་དབྱེ་ཞིབ་ཞིབ་འཇུག་དང་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། རིམ་ཁག་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་དང“སྲིད་གཞུང་དང་ཁྲིམས་ཁང་མཉམ་འགུལ”གྱི་ལམ་སྲོལ་བཙུགས་ནས་ལས་སྒོའི་གསོ་སྦྱོང་དང་ལས་དོན་ལ་མཛུབ་ཁྲིད་བྱེད་པར་ཐུན་མོང་ཐོག་ཤུགས་སྣོན་བརྒྱབ་སྟེ། ལེགས་ཆའི་ཐོན་ཁུངས་མཉམ་སྤྱོད་དང་ཐུན་མོང་ཐོག་འགོ་ཁྲིད་ལས་བྱེད་པའི་ཞུ་ལན་སློག་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། མི་དམངས་ཁྲིམས་ཁང་གིས་དུས་ཚིགས་རེར་རིམ་པ་གཅིག་མཚུངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ལ་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་ཁྲིམས་རར་ཞུགས་ནས་ཞུ་ལན་སློག་པའི་གནས་ཚུལ་ངོ་བཤུས་བརྡ་སྤྲོད་བྱས་ཏེ་ཆ་འཕྲིན་སྤེལ་རེས་མཉམ་སྤྱོད་ཐུབ་པར་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།