དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • གངས་འཁྱགས་སྤྲོ་སྣང་ལོངས་སུ་སྤྱོད། ཚོགས་པའི་སྙིང་སྟོབས་འཕེལ་བར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-22

    འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉེ་ཆར་གུང་གཞོན་སྡེ་ཚོགས་མལ་གྲོ་གུང་དཀར་རྫོང་ཨུད་ཀྱིས་རྫོང་སློབ་གསོ་ཅུས(ལུས་རྩལ་ཅུས)དང་མཉམ་དུ“གངས་འཁྱགས་ཀྱི་ལས་བྲེལ། མལ་གྲོ་ཡི་ཕུགས་འདུན”ཞེས་པའི་གཞོན་ནུ་ལོ་ཆུང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་རྫོང་དེ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་དང་བྱིས་པ་100ལྷག་ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།

    བྱེད་སྒོའི་ནང་ཡ་པང་གངས་ཤུད་དང་ཆ་པང་གངས་ཤུད་སོགས་ཀྱི་ལུས་རྩལ་རྣམ་གྲངས་དང“གངས་ཁྲོད་ཀྱི་སྤོ་ལོའི”རོལ་རྩེད་སོགས་ཚུད་ཡོད། བྱེད་སྒོ་ལས་གཞོན་ནུ་ལོ་ཆུང་ཚོས་གངས་ཤུད་གློད་རྩལ་ཁོང་དུ་ཆུད་པ་དང་གངས་འཁྱགས་ཁྲོད་ཀྱི་སྤྲོ་སྣང་ཚོར་ཐུབ་པ་བྱུང་ཡོད། གཞོན་ནུ་ལོ་ཆུང་གིས་མཉམ་འགུལ་རོལ་རྩེད་ལ་ཞུགས་པ་བརྒྱུད་ཚོགས་པའི་མཉམ་ལས་ཀྱི་སྙིང་སྟོབས་འཕེལ་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ངོས་འཛིན་དེ་བས་ཟབ་ཏུ་སོང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།