དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན་འབྲུག་ལོའི་དཔྱིད་གསར་དུས་ཆེན་ལས་འཛམ་གླིང་ལ་ཀྲུང་གོའི་དཔལ་འབྱོར་གྱི་གསོན་ཤུགས་མངོན་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-21

    ཚེས་19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་འབྲུག་ལོའི་དཔྱིད་གསར་དུས་ཆེན་རིང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཕར་འགྲོ་ཚུར་འོང་བྱས་པ་ལས་དཔྱིད་གསར་དུས་ཆེན་འདི་ཉིད་གོ་ལ་ཧྲིལ་པོའི་ཡུལ་སྐོར་འཛད་སྤྱོད་བྱེད་མང་ཤོས་ཀྱི་དུས་སུ་གྱུར་ནས། འཛམ་གླིང་ལ་ཀྲུང་གོའི་དཔལ་འབྱོར་གྱི་གསོན་ཤུགས་ཀྱང་མངོན་པར་བྱས་ཡོད་ཅེས་བརྗོད་པ་རེད།

    དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། འདས་མ་ཐག་པའི་འབྲུག་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རིག་གནས་ཡུལ་སྐོར་འཛད་སྤྱོད་བྱེད་མང་དུ་ཕྱིན་པ་དང་ལྷག་པར་དུ་རྒྱལ་མཚམས་འཛུལ་སྒྲོལ་གྱི་ཡུལ་སྐོར་བ་ཧ་ཅང་མང་དུ་ཕྱིན་ཡོད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    མའོ་ཉིང་གིས། ཀྲུང་གོས་ཐོངས་མཆན་མི་དགོས་པའི“གྲོགས་ཚོགས”ཟམ་མི་ཆད་པར་རྒྱ་ཆེར་བཏང་བ་དང་བསྟུན་ནས། རྒྱལ་མཚམས་འཛུལ་སྒྲོལ་གྱི་ཚ་རླབས་རྒྱུན་མཐུད་འཕྱུར་ཏེ་དཔྱིད་གསར་དུས་ཆེན་འདིར་ཀྲུང་ཕྱིའི་ཡུལ་སྐོར་བས་ཕར་འགྲོ་ཚུར་འོང་བྱས་པས་དཔྱིད་གསར་དུས་ཆེན་འདི་ཉིད་གོ་ལ་ཧྲིལ་པོའི་ཡུལ་སྐོར་འཛད་སྤྱོད་བྱེད་མང་ཤོས་ཀྱི་དུས་སུ་གྱུར་ཡོད་ཅེས་བརྗོད་པ་རེད།

    མའོ་ཉིང་གིས། འབྲུག་ལོའི་དཔྱིད་གསར་དུས་ཆེན་ལས་འཛམ་གླིང་ལ་ཀྲུང་གོའི་དཔལ་འབྱོར་གྱི་གསོན་ཤུགས་མངོན་པར་བྱས་ནས་ལོ་ཧྲིལ་པོའི་ཁྲོམ་རའི་སྔོན་དཔག་དང་ཡིད་ཆེས་ཆེ་རུ་བཏང་ཡོད་ཅེས་བརྗོད་པ་རེད།

    གྲངས་གཞི་ལས་མངོན་པར། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ཀྲུང་གོའི་རྒྱལ་ནང་གི་ཡུལ་སྐོར་བས་ཡུལ་སྐོར་འགྲོ་སོང་སྒོར་དུང་ཕྱུར་6326.87བཏང་བ་དེ་བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་ན་2019ལོའི་དུས་མཚུངས་ལས་7.7%འཕར་བ་དང་། དཔྱིད་གསར་དུས་ཆེན་རིང་གི་གློག་བརྙན་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར་80ལྷག་ཙམ་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། མའོ་ཉིང་གིས། རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་གྱི་ཚ་རླབས་ལས་འཛམ་གླིང་ལ་དཔྱིད་གསར་དུས་ཆེན་གྱི་འཛད་སྤྱོད་ཁེ་སྤོགས་ཐོབ་པར་བྱས་པས་དགའ་སྤྲོ་འཆམ་མཐུན་གྱི་ཀྲུང་གོའི་ལོ་གསར་གྱི་རྣམ་པ་མྱོང་རོལ་ཐུབ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།