དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཐོན་C919རྟགས་ཅན་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱིས་སིང་ཀ་ཕོར་དུ་ཚོད་ལྟའི་འཕུར་སྐྱོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-21

     ཚེས་18ཉིན་རྒྱལ་ཐོན་C919རྟགས་ཅན་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱིས་སིང་ཀ་ཕོར་གྱི་མཁའ་འགྲུལ་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་མ་འཚོགས་གོང་ཚོད་ལྟའི་འཕུར་སྐྱོད་བྱས་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ས་གནས་ས་ཐོག་ནས་C919རྟགས་ཅན་འགྲུལ་སྐྱེལ་གནམ་གྲུ་སིང་ཀ་ཕོར་གྱི་ཀྲང་དབྱི་རྒྱལ་སྤྱིའི་གནམ་ཐང་ནས་ཚོད་འཕུར་བྱས་ཤིང་། འགྲེམས་སྟོན་ནང་ཞུགས་མཁན་གནམ་གྲུ་གཞན་དང་བསྡུར་ན་C919རྟགས་ཅན་འགྲུལ་སྐྱེལ་གནམ་གྲུའི་འཕུར་སྐྱོད་དུས་ཚོད་ཅུང་རིང་ཙམ་ཡོད་པ་ཤེས་བྱུང་། ཚེས་18ཉིན་འཚོགས་པའི་མཁའ་འགྲུལ་འགྲེམས་སྟོན་གྱི་སྨྱན་སྦྱོར་ཚོགས་འདུའི་ཐོག་C919རྟགས་ཅན་འགྲུལ་སྐྱེལ་གནམ་གྲུ་སྨྱན་སྦྱོར་གྱིས་དྲིལ་བསྒྲགས་བྱེད་མང་ཤོས་སུ་གྱུར་ཡོད།

    སིང་ཀ་ཕོར་གྱི་མཁའ་འགྲུལ་འགྲེམས་སྟོན་དེ་ཚེས་20ནས་ཚེས་25ཉིན་བར་སིང་ཀ་ཕོར་དུ་གཉེར་རྒྱུ་ཡིན་ཞིང་། མཁའ་འགྲུལ་འགྲེམས་སྟོན་གཙོ་གཉེར་ཕྱོགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། རྒྱལ་ཁབ་དང་ས་ཁུལ་50ནས་ཡོང་བའི་ཁེ་ལས་དང་སྒྲིག་གཞི་ཆིག་སྟོང་ལྷག་ཙམ་འགྲེམས་སྟོན་ནང་ཞུགས་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།