དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཝ་ལེ་ཐ་རུ་རྒྱ་ཆས་ངོམ་སྟོན་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-21

    ཚེས་17ཉིན་མར་ཐའི་དམངས་ཚོགས་དང་ས་གནས་དེ་གའི་ཡུལ་སྐོར་བས་ས་དབུས་རྒྱ་མཚོའི་གནའ་གྲོང་ཝ་ལེ་ཐའི་ཁྲོམ་གཞུང་དུ་རྒྱ་ཆས་ངོམ་སྟོན་འཁྲབ་སྟོན་མྱོང་རོལ་ཐུབ་ཅིང་། རྒྱ་ཆས་ལ་དགའ་པོ་ཡོད་མཁན་ཀྲུང་ཕྱིའི་བུད་མེད་20ལྷག་ཙམ་གྱིས་རྒྱ་ཆས་གྱོན་ནས་ལག་ཏུ་རླུང་གཡབ་སྒོར་སྒོར་འཁྱེར་བའམ་ཡང་ན་ལྒང་བཞུ་ཁྱེར་ནས་ཁྲོམ་གཞུང་དུ་དལ་གྱིས་བསྐྱོད་པ་རེད།

    རྒྱ་ཆས་ངོམ་སྟོན་དེ་མར་ཐའི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་གཉེར་བ་དང་རྒྱ་ཆས་ལ་དགའ་པོ་ཡོད་མཁན་ཚོས་རྐང་ཐང་མར་ཝ་ལེ་ཐའི་ཁྲོམ་གཞུང་དང་། ཧྲེན་ཆའོ་ཀྲི་ཐང་ཆེན། “མཚོ་ལྷ་གསུམ”གྱེན་འཕྱུར་ཆུ་མིག་ཐང་ཆེན་བཅས་སུ་སྐྱོད་སྐབས་ས་གནས་དེ་གའི་དམངས་ཚོགས་དང་ཡུལ་སྐོར་བའི་བསྔགས་བརྗོད་ཡང་ཡང་ཐོབ་པ་མ་ཟད། མི་མང་པོས་པར་ལེན་ཡང་བྱས་པ་རེད།

    མར་ཐའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཡོན་ཡོན་གྱིས། ད་ཐེངས་ཀྱི་རྒྱ་ཆས་ངོམ་སྟོན་བྱེད་སྒོས་ལོ་ངོ་སྟོང་གི་མཛེས་ཉམས་སྟོན་པ་མ་ཟད། ཀྲུང་གོའི་འབྲུག་ལོར་རྟེན་འབྲེལ་ཞུས་པས་ས་གནས་དེ་གའི་དམངས་ཚོགས་དང་རྒྱལ་སྤྱིའི་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། རྒྱ་ཆས་ངོམ་སྟོན་གྱི་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་སྤེལ་བ་ལས་ཀྲུང་ཧྭའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་རིག་གནས་སྤེལ་རེས་དང་དཔྱད་གཞིར་འཛིན་རེས་བྱས་ནས་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བ་དང་། ཕན་ཚུན་ཤེས་རྟོགས་བྱེད་ཟབ་ཏུ་གཏོང་བ། མཛའ་གྲོགས་ཟབ་ཏུ་གཏོང་བ་བཅས་ལ་ཤུགས་རྐྱེན་ཐེབས་ཤུགས་དང་སྐུལ་འདེད་གཏོང་ཤུགས་ཆེན་པོ་ཡོད་པ་མངོན་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།