དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཚན་རྩལ་གསར་གཏོད་ལ་བརྟེན་པས་ཤེལ་བཟོས་དཔྱད་ཆས་ཡོ་རོབ་དང་ཨ་རི་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཏུ་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-21

    ཁྲུང་ཆིང་ལེང་ཕིང་མཐོ་གསར་ཁུལ་དུ་གནས་པའི་ཁྲུང་ཆིང་ཞིན་ཝེར་ཤེལ་བཟོ་ཚད་ཡོད་ཀུང་སི་ནི་རྒྱལ་ཁབ་ཀྱི“གྱད་མི་ཆུང་ངུའི”ཁེ་ལས་དང་རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས་ཤིག་ཡིན་པ་དེས་ཚན་རྩལ་གསར་གཏོད་དང་བྱང་ཚད་མཐོ་བའི་ལག་རྩལ་པ་གསོ་སྦྱོང་ཧུར་ཐག་བྱས་པར་ཁེ་བེད་བདག་ཐོབ་ཡོད་པའི་རྣམ་གྲངས་30ལྷག་ཙམ་ཟིན་པ་དང་བྱང་ཚད་མཐོ་བའི་ལག་རྩལ་པས་75%བཟུང་ཡོད། ཁེ་ལས་དེས་རྒྱུན་གཏན་གྱི་ཤེལ་བཟོས་དཔྱད་ཆས་སྣ་ཁ་ཁྲི་ཡན་ཐོན་སྐྱེད་བྱས་པ་དག་རྒྱལ་ནང་གི་སློབ་གྲྭ་ཆེན་མོ་ཁྲི་1ལྷག་ཙམ་དང་། སྨན་རྫས་ཀུང་སི། ཚན་ཞིབ་སྡེ་ཚན་བཅས་ཀྱི་དམིགས་བཙུགས་ཡོ་ཆས་སུ་གྱུར་པ་མ་ཟད། ཐོན་རྫས་ཀྱི་80%རྒྱལ་ནང་གི་ཁྲོམ་རར་འཚོང་བ་དང་20%ཨ་རི་དང་། འཇར་མན། དབྱིན་ཇི། ཁ་ན་ཏ། རི་པིན་སོགས་རྒྱལ་ཁབ་ལ་ཕྱིར་གཏོང་བྱེད་ཀྱི་ཡོད། འདི་ནི་ཟླ་2ཚེས་18ཉིན་ཁྲུང་ཆིང་ལེང་ཕིང་མཐོ་གསར་ཁུལ་གྱི་ཁྲུང་ཆིང་ཞིན་ཝེར་ཤེལ་བཟོ་ཚད་ཡོད་ཀུང་སིའི་ཐོན་སྐྱེད་འཁོར་ཁང་དུ་ལག་རྩལ་པ་ཞིག་གིས་ཤེལ་བཟོས་དཔྱད་ཆས་བཟོ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།