དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཚན་རྩལ་ཆེད་མངགས་པས་གཞི་རིམ་དུ་ལག་རྩལ་མཛུབ་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-21

    དཔྱིད་གསར་འཆར་མ་ཐག ཨན་ཧུའེ་ཞིང་ཆེན་ཧའོ་ཀྲོའུ་གྲོང་ཁྱེར་ལི་ཤིན་རྫོང་གིས་ཞིང་ལས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་དང་ཚན་རྩལ་ཆེད་མངགས་པ་200ལྷག་ཙམ་སྒྲིག་འཛུགས་བྱས་ནས། ཞིང་ནང་དང་མུ་ཁར་བསྐྱོད་དེ་དཔྱིད་མགོའི་ཞིང་ལས་ལག་རྩལ་མཛུབ་ཁྲིད་བྱས་ཏེ་ཞིང་པར་དཔྱིད་རྨོད་ཐོན་སྐྱེད་བྱེད་རིང་འཕྲད་པའི་དཀའ་གནད་སེལ་རོགས་ཀྱིས་འདི་ལོའི་ཞིང་ལས་ཐོན་འབབ་ཡག་པོ་དང་ཞིང་པར་ལོ་ལེགས་ཡོང་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། འདི་ནི་ཟླ་2ཚེས་18ཉིན་ཨན་ཧུའེ་ཞིང་ཆེན་ཧའོ་ཀྲོའུ་གྲོང་ཁྱེར་ལི་ཤིན་རྫོང་ཡུང་ཤིང་གྲོང་རྡལ་ཧྲོང་ལུང་སྡེ་ཁུལ་གྱི་ཞུས་ཅཱ་ཕུའུ་ཁྱིམ་ཚང་ཞིང་རར་ཏང་ཡོན་དང་ཚན་རྩལ་ཆེད་མངགས་པ་ལི་པའོ་ཧྲན(གཡོན་གྱི་དང་པོ)གྱིས་ཞིང་པར་མྱུ་གུ་གསོ་བའི་ཤེས་བྱ་གསལ་འགྲེལ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།