དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བུད་མེད་ཀྱི་མི་གཉིས་ཀྱི་གངས་ཤུད་རྩེད་རྩལ་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-21

    ཟླ་2ཚེས་19ཉིན། ནང་སོག་གི་ཧུའུ་ལུན་པེར་གྲོང་ཁྱེར་ཀྲ་ལན་ཐུན་ཅིན་ལུང་རི་བོའི་གངས་ཤུད་ཐང་དུ་གཉེར་བའི་རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པའི་རང་མོས་གངས་ཤུད་ཀྱི་ཡོངས་བསྒྲགས་ཚོགས་ཆུང་གི་བུད་མེད་ཀྱི་མི་གཉིས་ཀྱི་གངས་ཤུད་རྩེད་རྩལ་འགྲན་བསྡུར་ཁྲོད་ཧེ་ལུང་ཅང་རུ་ཁག་གི་བདམས་ཐོན་པ་ཡང་ཡཱ་ལ་ཨང་དང་པོ་ཐོབ་པ་དང་། ཅི་ལིན་རུ་ཁག་གི་བདམས་ཐོན་པ་ཀྲང་དབྱི་ཤིན་དང་ཀོང་ཏུང་རུ་ཁག་གི་བདམས་ཐོན་པ་ལི་རུའེ་ལིན་ལ་ཨང་གཉིས་པ་དང་ཨང་གསུམ་པ་སོ་སོར་ཐོབ་ཡོད། འདི་ནི་ཨང་དང་པོ་ཐོབ་མཁན་ཧེ་ལུང་ཅང་རུ་ཁག་གི་བདམས་ཐོན་པ་ཡང་ཡཱ(དཀྱིལ)དང་། ཨང་གཉིས་པ་ཐོབ་མཁན་ཅི་ལིན་རུ་ཁག་གི་བདམས་ཐོན་པ་ཀྲང་དབྱི་ཤིན(གཡོན) ཨང་གསུམ་པ་ཐོབ་མཁན་ཀོང་ཏུང་རུ་ཁག་གི་བདམས་ཐོན་པ་ལི་རུའེ་ལིན་བཅས་བྱ་དགའ་སྤྲོད་པའི་མཛད་སྒོར་ཞུགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།