དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་གླང་ཐང་གྲོང་ཚོས།

    གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་བགོ་འགྲེམས་ཀྱི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-21

    ཉེ་ཆར། ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་གླང་ཐང་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བགོ་འགྲེམས་ཀྱི་མཛད་སྒོ་འཚོགས་པར་གྲོང་ཚོའི“ཨུ་ལྷན་གཉིས”དང་། གྲོང་སྡོད་ལས་དོན་རུ་ཁག མང་ཚོགས་ཀྱི་འཐུས་མི་བཅས་ཁྱོན་མི་200ལྷག་ཙམ་ཞུགས་ཡོད།

    བགོ་འགྲེམས་བྱ་ཡུལ་དུ་མང་ཚོགས་མཉམ་དུ་འཛོམས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཕྱིན་པའི་གྲུབ་འབྲས་ལ་དཔང་པོ་དང་བགོ་འགྲེམས་མཉམ་སྤྱོད་བྱས་ཡོད། གླང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་བཟང་གིས་ཚང་མར་གླང་ཐང་གྲོང་ཚོའི་གླང་ཐང་ཚོགས་ཆུང་གི་མཉམ་སྡེབ་དཔལ་འབྱོར་གྱི་ཐོན་ལས་འཁོར་རྒྱུག་གནས་ཚུལ་ངོ་སྤྲོད་བྱས་པ་དང་འབྲེལ། མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་དང་གཏོང་ཡོང་སོགས་ཀྱི་གནས་ཚུལ་གསལ་བཤད་ཀྱང་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་གླང་ཐང་གྲོང་ཚོའི་གླང་ཐང་ཚོགས་ཆུང་གི་དུད་ཚང་214ཡི་མང་ཚོགས་ལ་བགོ་འགྲེམས་བྱས་པ་དང་། སྒོར་ཁྲི་9.8རི་བའི་བགོ་འགྲེམས་དངོས་ཟོག་སྤྲད་ཡོད།

    ཉེ་བའི་ལོ་ཤས་རིང་། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱ་སྟོབས་ཆེ་རུ་བཏང་བ་ལས་བྱུང་བའི་ཕན་པ་མང་ཚོགས་ཀྱིས་ཚོར་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རང་འགུལ་ནུས་པ་སྔར་བས་སྐུལ་སློང་ཐུབ་ནས། གྲོང་ཚོ་རིམ་པའི་ལས་དོན་ཆེ་གྲས་ཁག་ནང་ཞུགས་པའི་མང་ཚོགས་ཀྱི་རང་འགུལ་དང་ཧུར་སེམས་འཕེལ་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།