དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

    —— གཉའ་ནང་རྫོང་གིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བའི་ལས་དོན་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-21

    ད་ཕན་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་གིས་ཏང་འཛུཊ་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་མཐའ་འཁྱོངས་ཀྱིས། གྲངས་འབོར་འདང་ངེས་དང་། གྲུབ་ཆ་ལུགས་མཐུན། བྱང་ཚད་མཐོ་བ་བཅས་ཀྱི་གྲོང་གསེབ་དར་རྒྱས་ཀྱི་ཤེས་ལྡན་པའི་དཔུང་ཁག་ཧུར་ཐག་བཏོད་དེ། རྫོང་ཡོངས་ཀྱི་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་ལྟེ་བའི་ཚད་བརྒལ་དང་། ཕྱོགས་མང་ནུས་ཐོན། རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རིང་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་བཏང་ནས་བརྗིད་ཆེའི་འཆར་འགོད་མངོན་འགྱུར་གང་ཐུབ་བྱས་ཡོད།

    དགོས་མཁོར་དམིགས་ནས་ཤེས་ལྡན་པ་གསོ་སྦྱོང་བྱས།

    དཔུང་ཁག་འཛུཊ་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ།

    མང་ཚོགས་ཕྱུག་པོ་ཆགས་ཐུབ་མིན་དེ་གཙོ་བོ་ཀྲི་པུའུ་ལ་ཐུག་ཡོད།

    གཉའ་ནང་རྫོང་གིས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བྱེད་རིང་གཞི་རིམ་གྱི་ལས་བྱེད་པ་དང་རང་ཡུལ་གྱི་ཤེས་ལྡན་པའི་ནུས་པར་ཚད་མཐོའི་མཐོང་ཆེན་བྱས་ཏེ། བྱ་ཐབས་སྣ་མང་སྤྱད་ནས་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུས་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ཡོད།

    བསྡོམས་རྩིས་བྱས་པར་གཞིགས་ན། གཉའ་ནང་རྫོང་དུ་ཆབ་སྲིད་བྱང་ཚད་མཐོ་བ་དང་། མང་ཚོགས་ལ་བྱ་བ་དངོས་སྒྲུབ་འདོད་པ། ཕྱུག་འགྱུར་འཇོན་ཐང་ཅན་བཅས་ཀྱི་གཞོན་ནུ་16གིས་ཏང་ཀྲི་པུའུ་ཧྲུའུ་ཅིའི་ལས་འགན་ལྕི་པོ་རིམ་གྱིས་འཁུར་ནས། ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་ལེན་དངོས་ལ་གཞོལ་འགོ་ཚུགས།

    ཉེ་བའི་ལོ་ཤས་རིང་། གཉའ་ནང་རྫོང་གིས“ཐུན་མོང་རང་བཞིན་དང་ཁྱད་ལྡན”ཟུང་འབྲེལ་མངོན་གསལ་དོད་དུ་བཏང་ནས། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོའི་འཇོན་ཐང་ཆེ་བ། ལས་ཀའི་སྤྱོད་ཚུལ་བཟང་བ་བཅས་ཀྱི་འཇོན་ཐང་ཅན་གྱིས“གྲོང་ཚོ་བཅོས་སྐྱོང”ལ་སྣང་ཆེན་དང་། གྲོང་ཚོའི(གྲོང་ལྷན)དངོས་ཡོད་གནས་ཚུལ་དང་དེ་བཞིན་འཕེལ་རྒྱས་འགྲོ་ཕྱོཊ་ལ་གཞིགས་ནས། ཏང་ཀྲི་པུའུ་ཧྲུའུ་ཅི་འདེམས་མངཊ་བྱས་ཏེ། “ཞིང་གསུམ”ཤེས་པ་དང་། གཉེར་སྐྱོང་མཁས་པ། དོ་དམ་བྱེད་ཐུབ་པ་བཅས་ཀྱི་ཤེས་རྩལ་འཛོམས་པའི་མི་དག་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་དང་དེ་བཞིན་རྗེས་གྲབས་ལས་བྱེད་ཤེས་ལྡན་པའི་མཛོད་དུ་བཅུག་ཡོད།

    གཉའ་ནང་རྫོང་གིས་དུས་རབས་གསར་པའི་ཤེས་ལྡན་པ་དར་རྒྱས་དང་སློབ་གསོ་གསོ་སྦྱོང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་བྱང་ཚད་མཐོ་རུ་དང་འཇོན་ཐང་ཆེ་རུ་གཏོང་བའི་འདུ་འགོད་ལག་བསྟར། གནས་སྦྱར་སྦྱོང་བརྡར་དང་། ལྗོངས་ཕྱིའི་སློབ་སྦྱོང་། ཆེད་དོན་གསོ་སྦྱོང་སོཊ་ཀྱི་བྱེད་ཐབས་སྤྱད་དེ་ཐབས་ལམ་མང་པོ་དང་། ཕྱོགས་མང་པོ། རྣམ་པ་མང་པོ་བཅས་ལ་བརྟེན་ནས་བྱང་ཚད་མཐོ་བའི་ཤེས་རྩལ་འཛོམས་པའི་མི་སྣ་གསོ་སྦྱོང་བྱས་ཏེ། གྲོང་གསེབ་དར་རྒྱས་ལ་སྲ་ཞིང་བརྟན་པའི་ཤེས་ལྡན་པའི་འདེགས་སྐྱོར་བྱས་ཡོད།

    རོགས་སྐྱོར་སྣེ་ཁྲིད་ཀྱི་ཐབས་ལམ་རྒྱ་ཆེར་བཏང་།

    འཕེལ་རྒྱས་གཏོང་སྟངས་ཐད་གསར་གཏོད་དོན་གཉེར་བྱས་པ།

    དཔུང་ཁག་གནད་དོན་ཐག་གཅོད་ཐུབ་རུང་ཡུལ་བབ་དང་བསྟུན་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གནད་འཁེལ་ངང་འཚོལ་བ་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ལེགས་སུ་ཇི་ལྟར་གཏོང་དགོས་མིན་དེ་གཉའ་ནང་རྫོང་གི་གྲོང་གསེབ་དར་རྒྱས་ལམ་བུར་འཕྲད་པའི་འགག་རྩའི་གནད་དོན་གཞན་ཞིག་རེད།

    དེས་ན་གཉའ་ནང་རྫོང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས། རྙིང་ཞེན་བག་འཁུམས་ཀྱི་བསམ་བློ་དོར་ཏེ“སྣ་འདུས་ཐབས་བཟང”བཏོད་ཡོད། ཐོན་ལས་སྐུལ་ཁྲིད་དང་། རྣམ་གྲངས་སྐུལ་ཁྲིད། ཐོན་ཁུངས་བེད་སྤྱོད། ཁེ་ལས་རོགས་སྐྱོར། འཇོན་ཐང་ཅན་སྐུལ་ཁྲིད་བཅས་ལ་བརྟེན་ནས་མཉམ་སྡེབ་དཔལ་འབྱོར་སྐྱོན་བྲལ་དང་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ཡོད།

    རང་བརྟེན་དང་གཞན་བརྟེན་གལ་ཆེ་མཉམ་དུ་འཛིན་རྒྱུ་་མཐའ་འཁྱོངས་ཀྱིས་འདེབས་འཛུགས་གསོ་ཚགས་དང་། ཡུལ་སྐོར། ཕྱི་ཕྱོགས་ཚོང་དོན་སོགས་ཀྱི་ཁྱད་ལྡན་ཐོན་ལས་ལེགས་ཆ་འདོན་སྤེལ་དང་། རྨང་བརྟན་དམངས་ཕན་གྱི་ལས་ཀའི་གྲོན་དངུལ་དང་ཐོན་ལས་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི་2000ལྷག་ཙམ་བསྡུ་སྒྲིལ་བྱེད་པ། ཁྱད་ལྡན་ཞིང་ལས་ཐོན་རྫས་འདེབས་གསོའི་རྟེན་གཞི་བསྐྲུན་པ། ཡུལ་སྐོར་སྤྲོ་གསེང་ཁུལ་དང་། དམངས་སྲོལ་ཉམས་ལེན་ཁུལ། མཐའ་སྣེའི་མྱུལ་དཔྱད་ཁུལ། ཕྱོགས་བསྡུས་ཞབས་ཞུ་ཁུལ། རང་བྱུང་མཛེས་ལྗོངས་ཁུལ་སོགས་ཀྱི་ཡུལ་སྐོར་ལམ་ཐིག་དང་དེ་བཞིན་མཛེས་ལྗོངས་ས་ཚིགས་ཚོགས་པ་བཏོད་ཡོད།

    མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་དམ་འཛིན་བྱ་གཞིར་བྱས་ཏེ། ཁྱད་ལྡན་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་སྲིད་གཞུང་གི་རྣམ་གྲངས་ཐོན་ཁུངས་བསྡུ་སྒྲིལ་གང་ལེགས་བྱས་ཏེ། གྲོང་གསེབ་ཀྱི་གཞུང་ལམ་རྒྱུན་གཏན་བདག་སྐྱོང་དང་། ཞིང་འཕྲུལ་ཡོ་བྱད་ཉོ་སྒྲུབ། གྲོང་གསེབ་འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོང་སོགས་ཀྱི་ལག་རྩལ་རེ་བ་མཐོ་པོ་དེ་ཙམ་མེད་པ་དང་ཨར་ལས་དཀའ་ཚད་ཅུང་དམའ་བའི་རྣམ་གྲངས་དག་ཨར་རྒྱག་གི་ཐོབ་ཐང་ཡོད་པའི་གྲོང་ཚོ་རིམ་པའི་མཉམ་ལས་ཁང་ལ་སྤྲད་དེ་འགན་འཁུར་ལག་བསྟར་བྱེད་བཅུག་པས། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་150ལྷག་ཙམ་བྱུང་ཡོད།

    “ཡུལ་དེའི་ཐོན་ཁུངས་ལ་བརྟེན་ནས་ཕྱུག་འགྱུར”ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་ཅུང་ཞན་པའི་གྲོང་ཚོར(གྲོང་ལྷན)དམིགས་ནས། བེད་མེད་དུ་བཞག་པའི་སྡོད་ཁང་དང་འཕྲུལ་ཆས་བོགས་གཏོང་དང་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་སོགས་ལ་སྐུལ་ལྕག་བྱས་ནས་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་མང་དུ་གཏོང་གང་ཐུབ་བྱས་ཡོད།

    གཞི་རིམ་ཏང་འཛུགས་སྐྱོང་གི“ཧྲུའུ་ཅིའི་རྣམ་གྲངས”གོ་སྐབས་སུ་བརྩིས་ནས། “གསར་གཉིས”ཏང་རྩ་འཛུགས་ཀྱིས་མཉམ་སྡེབ་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པའི་གྲོང་ཚོར་ཆ་འགྲིག་རོགས་སྐྱོར་བྱས་ཏེ། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསེད་བཀྲོལ་དང་། ཚོད་འཛིན་གྱི་རྒྱུ་རྐྱེན་གནད་འཁེལ་ངང་འཚོལ་བ། འཇུར་མིག་གི་དཀའ་གནད་སེལ་བ་བཅས་བྱས་ཡོད།

    གྲོང་ཚོའི(གྲོང་ལྷན)ཕྱུག་འགྱུར་སྣེ་ཁྲིད་པ་དང་། ལག་རྩལ་མཁས་པ། ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ་བཅས་ཀྱིས་མ་དངུལ་དང་། ལག་རྩལ། སྒྲིག་ཆས། དོ་དམ་བཅས་ལ་བརྟེན་ནས་མཉམ་ལས་ཁང་ཀྱི་མ་རྐང་ལ་ཞུགས་པར་སྐུལ་ལྕག་བྱས་ཏེ“དྲག་གྲས་མཉམ་འབྲེལ་དང་མཉམ་ལས་གཉིས་ཁེ”མངོན་འགྱུར་བྱས་ཡོད།

    གྲུབ་འབྲས་མཉམ་སྤྱོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

    ཡོང་འབབ་བགོ་འགྲེམས་དེ་བས་དྲང་གཞག་ཡོང་བར་བྱས་པ།

    ཐོན་ལས་དར་རྒྱས་གཏོང་བ་ནི་ཞིང་པ་དང་གྲོང་གསེབ་ཐུན་མོང་འབྱོར་ཕྱུག་གི་དངོས་པོའི་འགན་ལེན་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། གཉའ་ནང་རྫོང་སྤོ་རོང་ཤང་པད་མ་ཆོས་གླིང་གྲོང་ཚོས་ཧོར་པའི་ལུག་གསོ་ཚགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བས་ཕན་ནུས་ལོ་རེ་ལས་མ་འདས་པར་ཆེ་རུ་ཕྱིན་ཡོད།

    ཁྱིམ་དུ་འབྲུ་རིགས་ཡོད་ན་བློ་བདེ་པོ་འདུག་ལ་གྲོང་ཚོར་དངུལ་ཡོད་དུས་ལས་ཀའང་བྱེད་བདེ་པོ་འདུག པད་མ་ཆོས་གླིང་གྲོང་ཚོས་མཉམ་སྡེབ་དཔལ་འབྱོར་གྱི་ཕན་འབྲས་ནུས་ལྡན་སྤྱད་ནས་དམངས་འཚོ་རྒྱུན་མཐུད་ལེགས་སུ་བཏང་བ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་བཏང་ཡོད། ལོ་གསུམ་རིང་རིམ་རྩིས་བྱས་ན་བསྡོམས་མ་དངུལ་སྒོར་ཁྲི་142བཏང་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་71གི་ཞིང་འབྲོག་པ་མང་ཚོགས་ལ་ཉི་འོད་དྲོད་ཁང་གཅིག་གྱུར་བསྐྲུན་པ་དང་ཕྱུགས་འཚོ་བར་གླ་ཆ་བསྡོམས་སྒོར་ཁྲི་50ཙམ་སྤྲད་ནས་རྒྱ་ཆེའི་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལོངས་སུ་སྤྱོད་ཐུབ་ཡོད།

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་མཐར་གཏུགས་ནས་བཤད་ན་མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བ་བྱ་རྒྱུ་དེ་ཡིན།

    གཉའ་ནང་རྫོང་གིས་ཚན་རིག་དང་མཐུན་པའི་འཆར་འགོད་དང་དོ་དམ་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས། གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་བགོ་འགྲེམས་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། ཕན་འབྲས་ལ་བརྟེན་ནས་བགོ་འགྲེམས་གཏན་འཁེལ་དང་། བགོ་འགྲེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ་བཅས་ཀྱི་གྲུབ་འབྲས་ལས་རྒྱ་ཆེའི་མང་ཚོགས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཕན་པ་ཐོབ་ཡོད།

    དཔལ་འབྱོར་གྱི་ཕན་འབྲས་ཆེ་ཤོས་འདོན་སྤེལ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཐུབ་ཆེད། རྫོང་ཡོངས་ཀྱིས་མཉམ་སྡེབ་དཔལ་འབྱོར་གྱི་ཕན་འབྲས་གང་ལེགས་སྤྱད་དེ་དམངས་ལ་བྱ་བ་དངོས་སྒྲུབ་ཆེ་རུ་བཏང་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་དངོས་འབྲེལ་ཐག་གཅོད་བྱས་པས། མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་མང་ཚོགས་ལ་རག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།