དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྫ་ཡུལ་རོང་སྨད་གྲོང་རྡལ་གྱིས་ཞིང་ཕན་ཐད་གཏོང་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-21

    འདི་ནི་ཐད་གཏོང་བ“བོད་ཀྱི་སྤུན་གྲོགས”དང་ཆོས་མཚོས་དྲ་གྲོགས་ཚོར་རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

    མཐའ་སྟོབས་དམངས་ཕྱུག་དང་ཞིང་ལས་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་དཔེ་སྟོན་གྲོང་རྡལ་ནུས་ཤུགས་ཡོད་རྒུས་གཏོད་ཆེད། ཉེ་ཆར། རྫ་ཡུལ་རོང་སྨད་གྲོང་རྡལ་གྱིས་རྫ་ཡུལ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་མཉམ་དུ་ཞིང་ཕན་ཐད་གཏོང་བྱེད་སྒོ་སྤེལ་ཏེ། “ཐད་གཏོང་དང་ཞིང་ཕན”ཟུང་འབྲེལ་གྱི་འཕེལ་རྒྱས་གཏོང་སྟངས་གསར་པ་རྒྱུན་མཐུད་འཚོལ་ཞིབ་ཧུར་ཐག་བྱས་ནས། གྲོང་གསེབ་ཀྱི་ཐོན་ལས་བརྟན་པོའི་ངང་འཕེལ་རྒྱས་དང་མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་བར་རམ་འདེགས་བྱས་པ་རེད།

    ད་ཐེངས་ཀྱི་ཞིང་ཕན་ཐད་གཏོང་བྱེད་སྒོ་སྤེལ་རིང་། ཐད་གཏོང་དྲ་ཐོག་ཚོང་དོན་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་ཡུལ་དེ་གའི་སྐད་གྲགས་ཆེ་བའི་ཐད་གཏོང་བ“བོད་ཀྱི་སྤུན་གྲོགས”དང་ཆོས་མཚོ་གདན་དྲངས་ཏེ་རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་སྤུས་ལེགས་ཞིང་ལས་ཐོན་རྫས་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ནས་རྫ་ཡུལ་གྱི་སུར་པན་དང་། མང་ཆག་གི་རྩམ་པ། རྫ་ཡུལ་གྱི་འབྲས། སྤྲེལ་ཁམ། ས་མཐོའི་ཁྱད་ལྡན་ཇ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་བཙོངས་པ་རེད།

    ཐད་གཏོང་བྱེད་སྐབས“བོད་ཀྱི་སྤུན་གྲོགས”དང་ཆོས་མཚོས་ངང་རྒྱུད་རིང་པོས་ཐོན་རྫས་འགྲེལ་བཤད་བརྒྱབ་ནས་རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་མགྲིན་ཚབ་པ་བྱས་ཏེ། རྫ་ཡུལ་རོང་སྨད་གྲོང་རྡལ་ལ་སྲོལ་རྒྱུན་གྱི་ཞིང་ལས་ཐོན་རྫས་དེང་རབས་ཅན་དང་དུས་རབས་ཅན་གྱི་ཕྱིར་ཚོང་ཐབས་ལམ་གསར་པ་རྒྱ་སྐྱེད་གཏོང་རོགས་བྱས་པ་དང་ཆབས་ཅིག རྫ་ཡུལ་རོང་སྨད་གྲོང་རྡལ་སྐད་གྲགས་ཆོད་ཚད་ཆེ་རུ་བཏང་སྟེ་རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་མང་ཚོགས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཞུགས་པའི་སྤྲོ་སེམས་དང་ཡིད་ཆེས་འཕེལ་བར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།