དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་པད་མ་སྒང་སྡེ་ཁུལ།

    ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་ཉིས་འགོད”ལས་དོན་ལ་ཕན་འབྲས་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-21

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་པད་མ་སྒང་ཁྲོམ་གཞུང་པད་མ་སྒང་སྡེ་ཁུལ་གྱིས“ཧྥེང་ཆའོ་ཡི་ཉམས་མྱོང”མི་ཉམས་པར་གནས་པར་བྱེད་པའི་ཐབས་བཟང་འཚོལ་ཞིབ་ཧུར་ཐག་བྱས་ནས་ལས་ཐོག་ཏང་ཡོན་གྱི“འབྱོར་ཐོག་གཉིས་འགོད”ཀྱི་ལས་དོན་གཏིང་ཟབ་སྤེལ་བ་དམ་འཛིན་བྱ་གཞིར་འཛིན་པ་དང་། “གྲོང་མིར་དགོས་མཁོ་ཡོད་ཚེ་སྡེ་ཁུལ་གྱིས་བཀོད་སྒྲིག་བྱེད་པ་དང་། ཏང་ཡོན་གྱིས་ཞབས་འདེགས་ཞུ་བ། དྲ་མིག་གིས་ཞིབ་དཔྱད་བྱེད་པ”བཅས་ཀྱི“མངག་ཐོ་རྣམ་པའི”ཞབས་འདེགས་ཞུ་སྟངས་ཁྱབ་གདལ་བཏང་སྟེ། ལས་ཐོག་ཏང་ཡོན་གྱི“འབྱོར་ཐོ་གཉིས་འགོད”ལས་དོན་ལ་ཕན་འབྲས་དངོས་ཐོན་པར་རམ་འདེགས་བྱས་ནས། སྡེ་ཁུལ་དང་གཞི་རིམ་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད།

    མིག་སྔའི་བར། སྡེ་ཁུལ་དེས“བསམ་འདུན་ཆུང་ངུ”ཁྱོན་11འཚོལ་བསྡུ་བྱས་ཤིང་། ཏང་ཡོན་མི་སྒེར་སྡེ་ཁུལ་དུ་བསྐྱོད་དེ་མི་ཐེངས་163ལ“འབྱོར་ཐོ་གཉིས་འགོད་དང་ཞབས་ཞུ་གཉིས”ཀྱི་ལས་དོན་སྤེལ་བ་དང་། ཏང་ཀྲི་པུའུ་31གི་ཏང་ཡོན་682སྡེ་ཁུལ་དུ“འབྱོར་ཐོ་གཉིས་འགོད་པར”བསྐྱོད་པ་དང་། ལས་ཁུངས་ཀྱི་ཏང་ཀྲི་པུའུ་15ཡིས་སྡེ་ཁུལ་དུ“འབྱོར་ཐོ་གཉིས་འགོད་དང་ཞབས་ཞུ་གཉིས”ཀྱི་བྱེད་སྒོ་སྤེལ་བར་མང་ཚོགས་བློ་ཡིད་ཚིམ་ཚད་100%ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།