དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་བསྟན་དོན་གཟའ་འཁོར་འདིར་རང་ལྗོངས་ཀྱི་ས་ཆ་ཁག་གཅིག་ལ་གངས་མ་ཆར་ཡང་ཡང་འབབ་རྒྱུ་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-21

    ཟླ་2ཚེས་18ཉིན་གསར་འགོད་པར་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱུང་བར། མ་འོངས་ཀྱི་གཟའ་འཁོར་འདིའི་ནང(ཟླ་2ཚེས་19ནས་25ཉིན་བར)རང་ལྗོངས་ཀྱི་ས་ཆ་ཁག་གཅིག་ལ་ཆར་པ་ཡང་ཡང་འབབ་རྒྱུ་དང་དྲོད་ཚད་ལ་འཕར་ཆག་ཡང་ཡང་ཡོང་རྒྱུ་དང་། ཉིང་ཁྲི་དང་། ནག་ཆུའི་ཤར་རྒྱུད། ཆབ་མདོའི་བྱང་རྒྱུད་བཅས་སུ་གཟའ་འཁོར་འདིའི་ནང་ཆར་པ་མང་པོ་འབབ་རྒྱུ། གཞིས་རྩེའི་ལྷོ་རྒྱུད་དང་། ལྷོ་ཁའི་ལྷོ་རྒྱུད། ཉིང་ཁྲི་བཅས་ཀྱི་གཟའ་འཁོར་འདིའི་ཆ་སྙོམས་དྲོད་ཚད་ཅུང་དམའ་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།