དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སེམས་ཤུགས་གཅིག་སྒྲིལ་དང་ངར་ཤུགས་ཆེན་པོས་ལས་དོན་སྒྲུབ་པའི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།

    —— རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་ལག་བསྟར་བྱེད་པའི་སྐོར་གྱི་གླེང་ཐེངས་དང་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |     སྤེལ་དུས།  2024-02-21

    སྤྱོད་ཚུལ་གྱི་གནད་དོན་ནི་ཏང་གི་སྲིད་སྐྱོང་གཞི་རྩ་དང་། དམངས་སེམས་གཏད་ཕྱོགས། བྱ་གཞག་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད། ཟླ་2ཚེས་19ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུ་འཚོགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱོད་ཚུལ་འཛུགས་སྐྱོང་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། ལྗོངས་ཡོངས་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད། “དཔྱིད་གསར་གྱི་ཚོགས་འདུ་དང་པོ”དེ་ཡིན་ལ། ལྗོངས་ཏང་ཨུད་ཀྱིས་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་ཆེད་དོན་བཀོད་སྒྲིག་བྱས་པ་ཞིག་ཀྱང་ཡིན་ཞིང་། དེ་ཐོག་ནས་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་ཁག་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བའི་གདེང་ཚོད་དང་ཆོད་སེམས་མཚོན་ཡོད་ལ། སྤྱོད་ཚུལ་འཛུགས་སྐྱོང་ལ་ལྷོད་གཡེང་མི་གཏོང་བ་དང་མཚམས་མི་འཇོག་པའི་བརྡ་རྟགས་གསལ་པོ་བཏང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དེ་བས་འབད་འབུངས་ཡར་བརྩོན་གྱི་བསམ་བློའི་འཁྱེར་སོ་དང་། དེ་བས་དངོས་ཐོག་བདེན་འཚོལ་གྱི་ལས་ཀའི་སྤྱོད་ཚུལ། དེ་བས་ཏན་ཏིག་ནུས་ལྡན་གྱི་ལས་ཀའི་བྱེད་ཐབས་བཅས་ལ་བརྟེན་ནས“དོན་ཆེན་བཞིར”དམ་འཛིན་ཡག་པོ་དང“འཛུགས་གཏོད་བཞིར”སྐུལ་འདེད་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    སྐབས་བཅུ་པའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་ནས་འགོ་བཙུགས་ཏེ་འགག་གནད་ལས་སྒྲོལ་ཡོད་ཅིང་། “དཔེ་སྟོན་དྲུག”གི་བླང་བྱ་གསལ་པོར་བརྟེན་ནས“འགག་རྩའི་ཉུང་ཤས”ཀྱིས་སྣེ་ཁྲིད་དཔེ་སྟོན་བྱེད་པར་སྐུལ་སློང་བྱས་པ་ནས་ལམ་ལུགས་ཀྱི“རླུང་ཙི”དམ་དུ་བཏང་ནས་སྒྲིག་སྲོལ་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བའི་བར་དང་། “བཞི་བཤེར་བཞི་རྩད”བྱས་ནས་སྤྱོད་ཚུལ་ངན་པ་དང་ཞན་ཆ་སྔར་བས་སེལ་བ་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་སྟེ་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དེ་ཚད་ལྡན་ཅན་དང་ལམ་ལུགས་ཅན་གྱི་ལམ་བུར་སྐྱོད་པའི་བར་གྱི་ལོ་གཉིས་ལྷག་ཙམ་རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད། རང་ལྗོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ཐོབ་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་འགན་འཁྲི་སྒྲུབ་ནུས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ངར་ཤུགས་རྒྱུན་མཐུད་འཕེལ་བ། བསམ་པའི་ཉམས་འགྱུར་གསར་རྐྱང་དུ་གྱུར་བ་བཅས་བྱུང་ནས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་ལས་དོན་ཧུར་ཐག་སྒྲུབ་པའི་རྣམ་པ་བཟང་པོ་མངོན་ཡོད།

    སྤྱོད་ཚུལ་བཟང་པོར་བརྟེན་ནས་ལམ་བུ་གསར་པ་གཏོད་པ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ལས་རྗེས་གསར་པ་འཇོག་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལག་ལེན་ཁྲོད་ནས་ཡོང་བ་དང་ལག་ལེན་ཁྲོད་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་གི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་སྔར་བས་ཟབ་ཏུ་བཏང་སྟེ། ངེས་པར་དུ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་། ངེས་པར་དུ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ལས་ཀའི་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས། ངེས་པར་དུ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་ལས་ཀའི་ཕན་འབྲས་ཆེ་རུ་གཏོང་བ། ངེས་པར་དུ་དམིགས་ཚད་ཀྱི་སྟོན་ཕྱོགས་ལ་ཤུགས་སྣོན་བརྒྱབ་ནས་ལྟེ་བའི་ལས་འགན་ལ་ཞབས་འདེགས་ཞུ་བ། ངེས་པར་དུ་གོང་གིས་འོག་ལ་སྣེ་འཁྲིད་མཐའ་འཁྱོངས་ཀྱིས་དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ངེས་པར་དུ་ལམ་ལུགས་འཛུགས་སྐྱོང་ལ་མཐོང་ཆེན་བྱས་ནས་ཕུགས་ཕན་ལམ་སྲོལ་ཆགས་པ་བཅས་བྱེད་དགོས། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་ཤེས་རྟོགས་ཀྱི་རྣམ་བཤད་དང་ལག་ལེན་གྱི་རྣམ་བཤད་མཐའ་འཁྱོངས་དང་ཤེས་སྤྱོད་ཟུང་འབྲེལ་ཐུབ་པའི་ནང་གནས་ཀྱི་བླང་བྱ་ཞིག་ཡིན་ལ། ས་མཐོའི་ས་གཞི་ཆེ་མོས་ཏང་སྲོལ་སྲིད་སྲོལ་ཟམ་མི་ཆད་པར་གསར་གཏོད་དང་། སྤྱི་ཚོགས་ཀྱི་དར་སྲོལ་ལེགས་སུ་གཏོང་བ། སེམས་ཤུགས་དང་ངར་ཤུགས་འཕེལ་བ་བཅས་ཀྱི་དངོས་ཡོད་ཀྱི་བློ་སྒོ་ཞིག་ཀྱང་ཡིན་པ་མ་ཟད། ང་ཚོས་རྒྱང་ལམ་གསར་པར་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བའི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་དེ་བས་ཀྱང་ཡིན།

    ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ལག་བསྟར་གྱི་འགག་རྩའི་ལོ་ཞིག་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་སྒྲོལ་ལོ་ཞིག་རེད། རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་གཏན་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་གི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་དང་བེད་སྤྱོད་ཡག་པོ་དང་། རྒྱུན་ཆད་མེད་པར་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་ཚེ་གཞི་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་འགན་ལེན་བརྟན་པོ་བྱེད་ཐུབ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་གྱི་སློབ་སྲོལ་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་མཐའ་གཅིག་ཏུ་བྱེད་དགོས་པ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱེད་པ་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩེ་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་གྱི་ཁུར་པོ་ཡང་དུ་ཧུར་ཐག་གཏོང་དགོས། དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ་ནང་གནས་ཀྱི་བླང་བྱར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དངོས་སྒྲུབ་འགན་འཁུར་ལ་ཤུགས་སྣོན་རྒྱག་པ་ཞིབ་བཤེར་གྱི་ཚད་གཞིར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རང་འགན་གཙང་སྒྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས། ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ་དམིགས་ཚད་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁ་ལོ་སྒྱུར་བའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྒྲིག་སྲོལ་དང་ལམ་སྲོལ་ལེགས་སུ་གཏོང་བ་རྩ་བཅོས་ཀྱི་ཐབས་ཇུས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་དགོས།

    ལས་དོན་དངོས་སྒྲུབ་པ་ནི་སྤྱོད་ཚུལ་ལ་ཞུན་བརྡར་སྤྲོས་པའི་རྒྱུགས་ར་ཆེན་པོ་ཡིན་ལ། དོན་འཁྱོལ་ལ་དམ་འཛིན་བྱེད་པ་ནི་བྱས་རྗེས་ལ་ཞིབ་བཤེར་བྱེད་པའི་རྡོ་ཀ་ཤུ་ཁ་ལྟ་བུ་ཡིན། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་ཕྱི་ཚུལ་ཙམ་བྱེད་མི་རུང་བར། འགན་འཁྲི་འཁུར་སེམས་དང་། ལས་འགན་སྒྲུབ་སེམས། དགོས་གཏུགས་ཀྱི་བསམ་པ་བཅས་ཤུགས་ཆེར་བརྟེན་ནས་ལས་དོན་ཁག་ལ་དམ་འཛིན་ནན་པོ་བྱེད་པ་དང་འགན་འཁྲི་ཕྲག་ཐོག་ཏུ་འཁུར་དགོས། རིམ་ཁག་ཏང་ཨུད་ཀྱིས་འགན་འཁྲི་སྔར་བས་གསལ་བཟོ་དང་བྱེད་ཐབས་གསར་གཏོད་བྱས་ནས། རྒྱུན་སྲིང་ལྷོད་མེད་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་ལྟ་སྐུལ་ཞིབ་བཤེར་དང་བྱ་དགའ་ཆད་གཅོད་གསལ་པོ་བཟོས་ཏེ་ལྟ་སྐུལ་ཞིབ་བཤེར་བྱས་འབྲས་དེ་བྱ་དགའ་དང་ཆད་གཅོད་དང་མི་སྣ་འདེམས་སྤྱོད་དང་ཟུང་འབྲེལ་བྱས་ཏེ། གཅིག་ལ་ལེགས་སྒྲིག་དང་། ཁག་གཅིག་ལ་སློབ་གསོ་རྒྱག་པ། ཡུག་ཅིག་ལ་ཉེན་བརྡ་གཏོང་བ་བཅས་ཀྱི་ཕན་འབྲས་ཐོན་པར་བྱེད་དགོས། དཔེ་མཚོན་ལ་བརྟེན་ནས་ལམ་སྟོན་དང་རྣམ་པ་གཏོད་པ་དང་། དྲང་ཕྱོགས་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ། ཏང་ཡོན་ལས་བྱེད་པར་འགྲན་སློབ་སྙེག་བརྒལ་གྱི་སློབ་གསོ་ཁྲིད་སྟོན་བཅས་བྱས་ཏེ་ལས་སྒྲུབ་ལས་གཏོད་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

    སྤྱོད་ཚུལ་འཛུགས་སྐྱོང་མཚམས་མེད་རྒྱུན་སྒྲུབ་རེད། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཆད་ལུས་མེད་པར་དོན་འཁྱོལ་ཡག་པོ་བྱས་ཏེ་གསར་བརྗེའི་སྙིང་སྟོབས་དང་། དངོས་ཐོག་བདེན་འཚོལ་གྱི་རྣམ་འགྱུར། དམ་འཛིན་མཐར་ཕྱིན་གྱི་ཆོད་སེམས་བཅས་ལ་བརྟེན་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སེམས་ཤུགས་གཅིག་སྒྲིལ་དང་ངར་ཤུགས་ཆེན་པོས་ལས་དོན་སྒྲུབ་པའི་རྣམ་པ་བཟང་པོ་སྲ་བརྟན་དང་རྒྱ་སྐྱེད་བཏང་ཚེ། ང་ཚོས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བྱ་སྤྱོད་དང་ཕན་འབྲས་དངོས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་ལེའུ་གསར་པ་ཞིག་རྩོམ་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།