དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་མོས་ཚོང་དོན་ཁུལ་གྱི་ཁོངས་བརྒལ་ཚོང་དོན་གྱི་འཛིན་ཁྲལ་གཟིགས་སྐྱོང་ཧྲང་ཧའེ་རུ་ཚོད་ལྟ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཕྱི་ཕྱོགས་སུ་བརྡ་ཐོ་བཏང་ནས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱིས་ཁོངས་བརྒལ་ཚོང་དོན་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱ་ཆེད། ཀྲུང་གོའི(ཧྲང་ཧའེ)རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་དེ་བཞིན་ལིན་ཀང་ཡུག་ཁུལ་གསར་པའི་ཚོད་ལྟའི་ཁུལ་གྱི་ཁོངས་བརྒལ་ཚོང་དོན་གྱི་འཛིན་ཁྲལ་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

    སྡེ་ཚན་གཉིས་ཀྱིས་ཁྱབ་བསྒྲགས་བྱས་པའི་བརྡ་ཐོའི་ནང་། 2024ལོའི་ཟླ་4ཚེས་1ཉིན་ནས་2025ལོའི་ཟླ་3ཚེས་31ཉིན་བར་ལག་ལེན་བསྟར་རྒྱུ་དང་། ཀྲུང་གོའི(ཧྲང་ཧའེ)རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་དེ་བཞིན་ལིན་ཀང་ཡུག་ཁུལ་གསར་པར་ཐོ་འགོད་བྱས་པའི་ཁེ་ལས་ཀྱིས་ཁོངས་བརྒལ་ཉོ་ཚོང་ལས་སྒོའི་ཡིག་ཐོག་ཉོ་ཚོང་གན་རྒྱ་ལག་ལེན་བསྟར་བར་འཛིན་ཁྲལ་རྩ་ཆག་གཏོང་རྒྱུ་ཡིན་ལུགས་ཁ་གསལ་བཏོན་ཡོད། བརྡ་ཐོའི་ནང་འཁོད་པའི་ཁོངས་བརྒལ་ལག་བརྒྱུད་ཉོ་ཚོང་ཞེས་པ་ནི་ཡུལ་མིའི་ཁེ་ལས་ཀྱིས་ཡུལ་མི་མིན་པའི་ཁེ་ལས་ནས་དངོས་ཟོག་ཉོས་རྗེས་ཡུལ་མི་མིན་པའི་ཁེ་ལས་གཞན་ཞིག་ལ་དངོས་ཟོག་དེ་བཙོངས་པ་མ་ཟད། དངོས་ཟོག་དེ་ཐོག་མཐའ་བར་གསུམ་དུ་རང་རྒྱལ་གྱི་ས་མཚམས་ནས་དངོས་སུ་ཕྱིར་གཏོང་ནང་འདྲེན་མ་བྱས་པའི་ཉོ་ཚོང་ལ་ཟེར། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།