2023ལོའི་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་རྩ་བའི་ཆ་ནས་དོ་སྙོམས་རྒྱུན་འཁྱོངས་ཐུབ་པ།
རྒྱུན་གཏན་གྱི་རྩིས་ཁུངས་ཧེ་བག་ཨ་སྒོར་དུང་ཕྱུར་2642ཟིན་པ།
ཚེས་18ཉིན་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་2023ལོའི་དུས་ཚིགས་བཞི་པ་དང་དེ་བཞིན་ལོ་ཧྲིལ་པོའི་རྒྱལ་སྤྱིའི་གཏོང་ཡོང་དོ་སྙོམས་རེའུ་མིག་གི་ཐོག་མའི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད། གྲངས་གཞི་ལས་མངོན་པར། 2023ལོར་རང་རྒྱལ་གྱི་རྒྱུན་གཏན་རྩིས་ཁུངས་ཧེ་བག་ཨ་སྒོར་དུང་ཕྱུར་2642ཟིན་པ་དེའི་ནང་དངོས་ཟོག་ཉོ་ཚོང་གི་ཧེ་བག་ཨ་སྒོར་དུང་ཕྱུར་6080དང་། ཞབས་ཞུའི་ཉོ་ཚོང་གི་ཧེ་བག་ཨ་སྒོར་དུང་ཕྱུར་2294 ཐོག་མའི་ཡོང་འབབ་ཀྱི་ལྡོག་ཁྱད་ཨ་སྒོར་དུང་ཕྱུར་1296 ཡོང་འབབ་ཐེངས་གཉིས་པའི་ཧེ་བག་ཨ་སྒོར་དུང་ཕྱུར་152བཅས་ཟིན་ཡོད་པ་རེད།
རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་གསར་འགྱུར་མགྲིན་ཚབ་པ་ཝང་ཁྲུན་དབྱིང་གིས་2023ལོར་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་རྒྱུན་འཁྱོངས་ཐུབ་ཡོད། དེའི་ནང་རྒྱུན་གཏན་གྱི་རྩིས་ཁུངས་ཧེ་བག་ཨ་སྒོར་དུང་ཕྱུར་2642ཟིན་པ་དང་ཧེ་བག་གི་གཞི་ཁྱོན་དང་དུས་མཚུངས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)གྱི་བསྡུར་གཞི་1.5%ཟིན་ནས་མུ་མཐུད་ལུགས་མཐུན་དང་དོ་སྙོམས་ཀྱི་བར་མཚམས་སུ་གནས་པ་དང་། རྒྱལ་སྒྲོལ་མ་རྩ་འཁོར་སྐྱོད་བརྟན་པོ་དང་ལེགས་ཕྱོགས་སུ་འཕེལ་བ་དང་། ཀྲུང་གོར་མ་རྩ་འཇོག་པར་ཡོང་མཁན་སྤྱིའི་ཆ་ནས་འཕེལ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བརྗོད་པ་རེད།
གཅིག་ནས་དངོས་ཟོག་ཉོ་ཚོང་ཧེ་བག་གི་གཞི་ཁྱོན་ལོ་རེ་བཞིན་ཆེ་རུ་ཕྱིན་པ། 2023ལོར་རང་རྒྱལ་གྱི་རྒྱལ་སྤྱིའི་གཏོང་ཡོང་གི་ཁྱབ་ཁྱོན་ཐད་ཀྱི་དངོས་ཟོག་ཉོ་ཚོང་གི་ཧེ་བག་ཨ་སྒོར་དུང་ཕྱུར་6080ཟིན་པ་དེ་2022ལོའི་ཧེ་བག་གཞི་ཁྱོན་ལས་ཆུང་རུང་ལོ་རེ་བཞིན་ཆེ་རུ་འགྲོ་གི་ཡོད། དེའི་ནང་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་31796དང་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་25716ཟིན་ནས་ཚང་མ་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཙམ་དུ་སླེབས་ཡོད་པ་རེད།
གཉིས་ནས་ཞབས་ཞུ་ཉོ་ཚོང་གི་འཁོར་རྒྱུག་དེ་བས་དོ་སྙོམས་ཡིན་པ། 2023ལོར་རང་རྒྱལ་གྱི་ཞབས་ཞུའི་ཉོ་ཚོང་གི་ལྡོག་ཁྱད་ཨ་སྒོར་དུང་ཕྱུར་2294ཟིན་ནས་གོ་རིམ་ལྡན་པའི་ངང་རིམས་ནད་མ་ཐོན་གོང་གི་ཆུ་ཚད་སླར་གསོ་ཐུབ་ཡོད། ཕྱོགས་གཅིག་ནས་ཡུལ་སྐོར་དང་སྐྱེལ་འདྲེན་ནི་སྔར་བཞིན་ཞབས་ཞུའི་ཉོ་ཚོང་གི་ལྡོག་ཁྱད་ཀྱི་རྣམ་གྲངས་གཙོ་བོ་ཞིག་རེད། དེའི་ནང་ཡུལ་སྐོར་གྱི་ལྡོག་ཁྱད་ཨ་སྒོར་དུང་ཕྱུར་1806ཟིན་ནས་ཕྱི་རྒྱལ་དུ་སློབ་སྦྱོང་དང་ཡུལ་སྐོར་ལ་སྐྱོད་མཁན་གྱི་གཏོང་སྒོའི་གཞི་ཁྱོན་2019ལོའི་བཅུ་ཆ་བརྒྱད་ཙམ་བར་སླར་གསོ་ཐུབ་ཡོད། ཕྱོགས་གཞན་ཞིག་ནས་ཞབས་ཞུའི་ཉོ་ཚོང་གི་ཧེ་བག་རྣམ་གྲངས་མུ་མཐུད་འཕར་ཞིང་། དེའི་ནང་བློ་འདྲི་དང་བརྡ་ཁྱབ་སོགས་ཚོང་ལས་ཞབས་ཞུ་གཞན་དག་གི་ཧེ་བག་ཨ་སྒོར་དུང་ཕྱུར་380ཟིན་ནས། ཉེ་བའི་ལོ་ཤས་རིང་གི་ཆུ་ཚད་ཅུང་མཐོ་བ་རྒྱུན་འཁྱོངས་ཐུབ་པ་དང་2019ལོ་ལས་96%འཕར་ཡོད།
གསུམ་ནས་ཀྲུང་གོར་མ་རྩ་འཇོག་པར་ཡོང་མཁན་སྤྱིའི་ཆ་ནས་འཕེལ་བའི་རྣམ་པ་མངོན་པ། དེའི་ནང་ཕྱི་རྒྱལ་གྱི་ཚོང་པའི་རྐང་དབང་གི་ངོ་བོ་ལྡན་པའི་ཐད་ཀར་མ་འཇོག་བྱེད་ཚད་དེ་ལོ་ཧྲིལ་པོར་ཨ་སྒོར་དུང་ཕྱུར་621ཟིན་ནས་དུས་ཚིགས་བཞི་པར་འཕར་བའི་གཞི་ཁྱོན་དེ་ཟླ་གོང་མའི་དུས་མཚུངས་ལས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཚོད་རྩིས་རགས་ཙམ་བརྒྱབ་པ་ལྟར་ན། ལོ་ཧྲིལ་པོར་ཀྲུང་གོར་ཡོང་ནས་འཛིན་ལོར་མ་འཇོག་བྱེད་ཚད་ཀྱང་འཕར་བ་དང་། དུས་ཚིགས་བཞི་པར་འཕར་བའི་གཞི་ཁྱོན་ཉེ་བའི་ལོ་གཉིས་རིང་གི་མཐོ་སར་གནས་པ་དང་ཟླ་9པ་ནས་ཟླ་12པའི་བར་ཕྱི་རྒྱལ་གྱི་མ་དངུལ་བསྟུད་མར་འཕར་ནས་རྒྱལ་ནང་གི་བུན་འཛིན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་600ལས་བརྒལ་ཡོད།