ཤིན་ཅང་གི“མང་ཚོགས་ཀྱི་གྲོང་ཚོའི་དཔྱིད་གསར་མཚན་ཚོགས”ཐོག་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་རོལ་དབྱངས་དཀྲོལ་བ།
དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་རྣམ་པ་གསར་རྐྱང་གི“མང་ཚོགས་ཀྱི་གྲོང་ཚོའི་དཔྱིད་གསར་མཚན་ཚོགས”རེ་རེ་ཤིན་ཅང་ཐེན་ཧྲན་རི་བོའི་ལྷོ་བྱང་གི་ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་ཏུ་ཚ་ཚ་འུར་འུར་ངང་འཚོགས་ཤིང་། འཁྲུག་ཆ་དོད་ལ་སྐྱིད་སྣང་དོད་པའི་རྣམ་པའི་ཁྲོད་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོ་མཉམ་དུ་འཛོམས་ནས་ཤིང་འབྲུག་ལོའི་ལོ་གསར་བསུས་པ་རེད།
ཤིན་ཅང་ཐ་ཁྲེང་གི“མང་ཚོགས་ཀྱི་གྲོང་ཚོའི་དཔྱིད་གསར་མཚན་ཚོགས”ཀྱིས་ཁྱིམ་ཚང་ཀུན་ལ་སྤྲོ་བ་དཔག་མེད་སྟེར་བའི་ཐོག་མའི་བསམ་འདུན་བཅངས་ནས་མི་རིགས་ཁག་གི་མང་ཚོགས་གར་སྟེགས་ཐོག་གི་མི་སྣ་གཙོ་བོར་འགྱུར་བར་བྱས་ཏེ། “མང་ཚོགས་ཁྲོད་ནས་ཡོང་བ་དང་མང་ཚོགས་ཁྲོད་དུ་སྐྱོད་པའི”རིག་རྩལ་མཚན་ཚོགས་ཤིག་བཏོད་ཡོད། “ང་ཚོས་ས་ཁུལ་དེ་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)765ལ‘མང་ཚོགས་ཀྱི་གྲོང་ཚོའི་དཔྱིད་གསར་མཚན་ཚོགས’ལེ་ཚན་རང་རྩོམ་རང་འཁྲབ་བྱས་ཏེ། རིག་གནས་སྒྱུ་རྩལ་འགྲན་བསྡུར་གྱི་རྣམ་པའི་ཐོག་ནས་མང་ཚོགས་རྣམས་གར་སྟེགས་ཐོག་གི་མི་སྣ་གཙོ་བོར་གྱུར་རྒྱུའི་སྐུལ་སློང་བྱས་པ་དང་ཆབས་ཅིག ས་གནས་དང་ཀྲོའུ་ཁག་དང་མཉམ་དུ་ལེ་ཚན་ཆིག་སྟོང་ཙམ་གྱི་ཁྲོད་ནས་ཐེངས་འདིར་འཁྲབ་སྟོན་བྱེད་པའི་ལེ་ཚན་13བདམས་ཡོད”ཅེས་ཐ་ཁྲེང་ས་ཨུད་གསར་འགྱུར་ལྟེ་གནས་དང་སྲིད་འཛིན་ཀུང་ཧྲུའུ་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་ལུའུ་ཧྥེ་ཡིས་བཤད།
ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཧྲི་ཤོག་བརྒྱད་པའི་ཧྲི་ཧོ་ཙེ་གྲོང་ཁྱེར་དུ་འཚོགས་པའི་གྲོང་ཚོའི་དཔྱིད་གསར་མཚན་ཚོགས་ལ་ཞུགས་མཁན་འཁྲབ་སྟོན་པ་དང་ལས་དོན་པ་ཚང་མ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་ཤ་སྟག་རེད། ཁོང་ཚོའི་གྲས་སུ་ལོ་བདུན་བཅུར་སླེབས་པའི་རྒན་གྲས་ཡོད་ལ་སློབ་གྲྭར་སྐྱོད་བཞིན་པའི་ཕྲུ་གུའང་ཡོད། “གྲོང་ཚོའི་དཔྱིད་གསར་མཚན་ཚོགས་བརྒྱུད་གྲོང་གསེབ་གསར་པ་དང་། དུས་རབས་གསར་པ། ཞིང་པ་གསར་པ་བཅས་ཀྱི་གཟུགས་བརྙན་མཚོན་པར་བྱས་པ་མ་ཟད། ད་དུང་འཁྲབ་སྟོན་དེ“དྲ་ཐོག་དང་དྲ་ཕྱིའི་རྣམ་པ་བརྒྱུད་ཐད་གཏོང་སྟེགས་བུ་ཁག་ནས་དུས་གཅིག་ཏུ་བསྟན་ཡོད”ཅེས་ཧྲེ་ཧོ་ཙེ་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གི་ཀོན་ཀྲང་ཀྲང་ཝུའེ་ཡིས་བཤད།
གྲོང་གསེབ་ནས་དར་བ་དང་གྲོང་གསེབ་ཏུ་རྩ་བ་ཚུགས་པའི་ཤིན་ཅང་གི“མང་ཚོགས་ཀྱི་གྲོང་ཚོའི་དཔྱིད་གསར་མཚན་ཚོགས”དེས་གྲོང་གསེབ་མང་ཚོགས་ཀྱི་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་གསོན་ཉམས་དོད་པོས་མངོན་པ་མ་ཟད། ད་དུང་མངོན་མིན་རིག་གནས་ཤུལ་བཞག་སྔོག་འདོན་དང་དར་སྤེལ་གཏོང་རྒྱུར་སྣང་ཆེན་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད།
ཐ་ཁྲེང་གི“མང་ཚོགས་ཀྱི་གྲོང་ཚོའི་དཔྱིད་གསར་མཚན་ཚོགས”སུ་སོག་རིགས་ཀྱི་དཔའ་བོའི་ལོ་རྒྱུས་མཚོན་པའི་སྙན་ངག《ཅང་ཀེར》འཁྲབ་སྟོན་བྱས་པ་ལས་མི་རྣམས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཐོག་སླེབས་པ་ལྟ་བུའི་ཚོར་སྣང་བྱུང་ཡོད། རྒྱུན་འཛིན་པ་མི་ཐོག་ལྔ་པ་ཏའར་ཅི·ཉི་མས་ཅང་ཀེར་གཞས་མ་གཏམ་ཚོགས་པས་ཅང་ཀེར་འཁྲབ་སྟོན་པ་ཆུང་ཆུང་100ལྷག་ཙམ་གསོ་སྐྱོང་བྱས་ཡོད། སླད་ཕྱིན་མི་དེ་བས་མང་བས《ཅང་ཀེར》ཤེས་རྟོགས་དང་རྒྱུན་འཛིན་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།
ཁེ་ཀྲོའུ་ཨ་ཐུའུ་ཧྲི་གྲོང་ཁྱེར་སུང་ཐ་ཁེ་གྲོང་རྡལ་ཨ་ཙེ་ཧན་གྲོང་ཚོའི“གྲོང་ཚོའི་དཔྱིད་གསར་མཚན་ཚོགས”ཞེས་པའི་བྱེད་སྒོ་ཁག་གི་འགོ་ཚུགས་མཛད་སྒོར། ཁོར་ཁེ་ཙི་རིགས་ཀྱི་དཔའ་བོའི་ལོ་རྒྱུས་མཚོན་པའི་སྙན་ངག《མ་ནཱ་སི》ལ་ལྟད་མོ་བའི་དགའ་བསུ་ཡང་ཡང་ཐོབ་ཡོད།
“དགའ་སྤྲོའི་ངང་ནས་ལོ་གསར་གཏོང·པོར་ཐ་ལ་ནས་རྣམ་གསར་མངོན”2024ལོའི་ཤིན་ཅང་གི“མང་ཚོགས་ཀྱི་གྲོང་ཚོའི་དཔྱིད་གསར་མཚན་ཚོགས”ཞེས་པའི་པོ་ཀྲོའུ་དཔེ་སྟོན་ས་ཚིགས་ཀྱི་རིག་གནས་དང་ལུས་རྩལ་གྱི་བྱེད་སྒོ་ཁག་པོ་ལེ་གྲོང་ཁྱེར་ཏ་ལེ་ཐེ་གྲོང་རྡལ་ཕོ་ཁྲེང་ཙེ་གྲོང་ཚོའི་པོ་ལུའོ་གནའ་གྲོང་དུ་འཚོགས་ཤིང་། འཁྲབ་ར་གཙོ་བོ་དང་ཡན་ལག་འཁྲབ་རར་འབྲུག་རྩེད་དང་། སེང་རྩེད། དམངས་ཁྲོད་དྲག་རྩལ། དམངས་ཁྲོད་ཞབས་བྲོ་སོགས་མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་བྱས་པར་ལྟ་མཁན་མང་པོ་ཟིན་ནས་དགའ་བསུ་ཡང་ཚད་མེད་ཐོབ་ཡོད།
ཤིན་ཅང་ཐ་ཁྲེང་ས་ཁུལ་དུ་རྒྱ་རིགས་དང་། ཧ་སག་རིགས། ཡུ་གུར་རིགས་སོགས་མི་རིགས་29ཡི་གྲོང་མི་འཚོ་སྡོད་བྱེད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ཐ་ཁྲེང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་གཅིག་ཏུ་བསྒྲིལ་ཡོད།“མང་ཚོགས་ཀྱི་གྲོང་ཚོའི་དཔྱིད་གསར་མཚན་ཚོགས”ཀྱི་བྱེད་སྒོ་སྤེལ་ཡུལ་དུ་མི་རིགས་ཁག་གི་མང་ཚོགས་འཁྲབ་སྟོན་བས་དགའ་དགའ་སྤྲོ་སྤྲོའི་ངང་རྒྱལ་ཡོངས་དང་ཤིན་ཅང་གི་མི་རིགས་ཁག་གི་མི་དམངས་ལ་མཐའ་མཚམས་ཐ་ཁྲེང་གྲོང་ཁྱེར་གྱི་སྨོན་འདུན་བཟང་པོ་ཞུས་ཡོད། རྒན་ཡོལ་ཞུས་པའི་ཉེན་རྟོག་པ་མ་ཤིན་ཧྭ་ཡི་གཅེན་མོས་མི་རིགས་བཞི་ལས་གྲུབ་པའི“ནང་མི་ལྔའི་ཁྱིམ་ཚང”གི་གཏམ་རྒྱུད་བརྗོད་དེ། “མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བའི”ནང་དོན་ཟབ་མོ་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཤིན་ཅང་གི་2024ལོའི“མང་ཚོགས་ཀྱི་གྲོང་ཚོའི་དཔྱིད་གསར་མཚན་ཚོགས”ཀྱི་བྱེད་སྒོ་དེ“ཤིན་ཅང་ཡོངས་མཉམ་འགུལ་+དཔེ་སྟོན་ས་ཚིགས་4+ཡན་ལག་འཁྲབ་ར་1+འཁྲབ་ར་གཙོ་བོ་1”ཀྱི་རྣམ་པའི་ཐོག་ནས་སྤེལ་ཡོད། ས་གནས་ཁག་ཏུ་སྤེལ་བའི་མང་ཚོགས་ཀྱི་གྲོང་ཚོའི་དཔྱིད་གསར་མཚན་ཚོགས་བྱེད་སྒོ་དེ་རིག་གནས་ལ་བརྟེན་ནས་ཤིན་ཅང་གི་ལས་དོན་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་བརྩིས་ཏེ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྙན་འཇེབས་ལྡན་པའི་རོལ་དབྱངས་དཀྲོལ་བ་ལས། ཞི་མཐུན་གྱི་རྣམ་པའི་ཁྲོད་དུ་མི་རིགས་ཁག་གི་མི་དམངས་དབར་སྤེལ་རེས་དང་། ངོས་འཛིན། བརྩེ་སེམས་བཅས་ཟབ་ཏུ་ཕྱིན་པ་མ་ཟད། འཛམ་གླིང་ལ་ཤིན་ཅང་གི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་ཡང་དེ་བས་མངོན་པར་བྱས་ཡོད།