དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀུའེ་ཀྲོའུ་ཡིས་ལོ་10བསྟུད་མར་དཔྱིད་གསར་དུས་ཆེན་ཚར་རྗེས་འོས་འགན་ཤིང་འཛུགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-20

    ཚེས་18ཉིན་ནི་ལུགས་རྙིང་ལོའི་ཟླ་དང་པོའི་ཚེས་དགུ་དང་། འབྲུག་ལོའི་དཔྱིད་གསར་དུས་ཆེན་ཚར་རྗེས་ལས་ཀར་སྐྱོད་པའི་ཉིན་དང་པོ་ཡིན་ཞིང་། ཀུའེ་ཀྲོའུ་ཡིས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་། གྲོང་ཚོ་བཅས་སུ་2024ལོའི་འོས་འགན་ཤིང་འཛུགས་བྱེད་སྒོ་དུས་གཅིག་ཏུ་སྤེལ་བ་རེད། དེ་ཉིན་ཞིང་ཆེན་གྱི་འགོ་ཁྲིད་གཙོ་བོ་ཀུའེ་དབྱང་གྲོང་ཁྱེར་ཧྲོང་ལུང་མཁའ་འགྲུལ་ལྟེ་གནས་ཀྱི་དཔལ་འབྱོར་ཁུལ་ཞའོ་པི་ཤང་ཀན་ཀྲོང་གྲོང་ཚོར་གནས་པའི་ཞིང་ཆེན་འོས་འགན་ཤིང་འཛུགས་སར་ཕེབས་ནས་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་པ་རེད།

    བཀོད་གཏོང་གཞིར་བཟུང་། ཟླ་2ཚེས་18ཉིན་ཞིང་ཆེན་ཡོངས་སུ་འོས་འགན་ཤིང་འཛུགས་བྱ་ཡུལ་ཁྱོན་1482བཙུགས་ཤིང་། ཁྱོན་མི་ཁྲི་16.77འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་ནས་ཤིང་སོན་རྐང་ཁྲི་136.97བཙུགས་པ་དང་ཤིང་འཛུགས་རྒྱ་ཁྱོན་མུའུ་ཁྲི་2.01ཙམ་ཟིན་ཡོད་པ་རེད།

    2015ལོ་ཚུན། དཔྱིད་གསར་དུས་ཆེན་ཚར་རྗེས་ཀུའེ་ཀྲོའུ་ཡིས་ལོ་ལྟར་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་ནས་ལོ་10ཏག་ཏག་སོང་བ་དང་། ད་ཆ་སྲོལ་རྒྱུན་བཟང་པོ་དང་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར་ཡོད། ལོ་10ཡི་རིང་། ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་འོས་འགན་སྡོང་རྐང་དུང་ཕྱུར་6.05བཙུགས་པ་དང་། རིམ་རྩིས་བརྒྱབ་ན་མི་ཐབས་ནགས་བཟོ་མུའུ་ཁྲི་3385བྱས་པ། བྱེ་འགྱུར་ཅན་བཅོས་སྒྲིག་སྤྱི་ལེ་ངོས་གྲུ་14596བྱས་པ་བཅས་ལས། ཞིང་ཆེན་ཡོངས་སུ་ནགས་ཚལ་ཁྱབ་ཚད་49%ནས་63%བར་མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།