དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་སུ་མྱུར་སྐྱེལ་ཐུམ་སྒྲིལ་དུང་ཕྱུར་6.41ལྷག་ཙམ་བསྐྱལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་18ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ལས་མངོན་པར། འདི་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང(ཟླ་2ཚེས་10ནས་17ཉིན་བར)རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ལས་རིགས་ཀྱིས་ཐུམ་སྒྲིལ་དུང་ཕྱུར་6.41ལྷག་ཙམ་བསྐྱལ་བས། ཉིན་རེར་ཆ་སྙོམས་ཐུམ་སྒྲིལ་སྐྱེལ་ཚད་2023ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་དང་བསྡུར་ན་82.1%འཕར་ཡོད་པ་རེད།

    ལོ་གསར་གྱི་མཁོ་ཆས་ཕན་ཚུན་བསྐུར་རེས་བྱེད་པ་དེ་མི་རྣམས་ཀྱིས་དཔྱིད་གསར་དུས་ཆེན་རོལ་སྟངས་ཤིག་ལ་གྱུར་ཡོད། གྲངས་གཞི་ལས་མངོན་པར། དཔྱིད་གསར་སྐྱེལ་འདྲེན་འགོ་བཙུགས་ཚུན(ཟླ་1ཚེས་26ཉིན་ནས་ཟླ་2ཚེས་17ཉིན་བར)རྒྱལ་ཡོངས་ཀྱི་མྱུར་སྐྱེལ་ལས་རིགས་ཀྱིས་མྱུར་སྐྱེལ་ཐུམ་སྒྲིལ་དུང་ཕྱུར་56.55བསྡུ་ལེན་བྱས་པ་དེ་2023ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་མཚུངས་ལས་30.8%འཕར་བ་དང་། མྱུར་སྐྱེལ་ཐུམ་སྒྲིལ་དུང་ཕྱུར་59.94སྐྱེལ་བ་དེ་2023ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་དུས་མཚུངས་ལས་21%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།