དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཕྱོགས་བཞི་མཚམས་བརྒྱད་མཉམ་དུ་དཔྱིད་གསར་དུས་ཆེན་གཏོང”ཞེས་པའི་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་ནེའུ་ཙི་ལན་དུ་སྤེལ་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-20

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝེ་ལིང་ཐོན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར“ཕྱོགས་བཞི་མཚམས་བརྒྱད་མཉམ་དུ་དཔྱིད་གསར་དུས་ཆེན་གཏོང”ཞེས་པའི་རྒྱ་མཚོ་ཆེན་པོའི་གླིང་ཆེན་གྱི་འཚམས་འདྲིའི་འཁྲབ་སྟོན་བྱེད་སྒོ་ནེའུ་ཙི་ལན་གྱི་ཨོ་ཁེ་ལན་དང་ཝེ་ལིང་ཐོན་དུ་སྤེལ་བས་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་སྟོང་ཕྲག་ཁ་ཤས་ལྟད་མོ་ལྟ་བར་སླེབས་ཡོད།

    འཁྲབ་སྟོན་བྱེད་རིང་ཀྲུང་གོ་ལྕགས་ལམ་རིག་རྩལ་ཚོགས་པ་དང་ནེའུ་ཙི་ལན་ཧྭ་ཤིང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས་ལྟད་མོ་བར་རྩལ་རྩེད་དང་། ཁྲང་ཞི་སོགས་ལེ་ཚན་འཁྲབ་སྟོན་བྱས་ཤིང་། ས་གནས་ས་ཐོག་ཏུ་འཁྲབ་སྟོན་པ་དང་ལྟད་མོ་བའི་དབར་སྤེལ་རེས་བྱས་པ་དང་གླུ་གཞས་མཁས་ཅན་གྱིས“གཙང་པོ་ཆེན་པོར་རྦ་རླབས་འཕྱུར”ཞེས་པའི་གླུ་གཞས་ལེན་སྐབས་ཚོགས་ར་ཡོངས་སུ《ངའི་མེས་རྒྱལ》ཞེས་པ་སྐད་གསང་མཐོན་པོས་བླངས་པས་ལྟད་མོ་བ་མི་ཉུང་བ་ཞིག་མཆི་མ་དབང་མེད་དུ་ཤོར།

    ནེའུ་ཙི་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝང་ཞའོ་ལུང་གིས། 2024ལོར་ཀྲུང་ནེའུ་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བའི་ལམ་ཚད་རྡོ་རིང་གལ་ཆེན་བསུ་རྒྱུ་ཡིན་ཞིང་། རྒྱལ་ཁབ་གཉིས་པོས་མུ་མཐུད་རབ་ཏུ་འཕེལ་བའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་ཟབ་ཏུ་འགྲོ་བ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་ཡག་པ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།