དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཐོན་C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཕྱི་རྒྱལ་ལ་འཕུར་ནས་མཁའ་འགྲུལ་འགྲེམས་ཚོགས་ལ་ཞུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-20

    ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་17ཉིན་ཀྲུང་གོ་ཤར་ཕྱོགས་མཁའ་འགྲུལ་ཀུང་སི་ནས་ཤེས་རྟོགས་བྱུང་བར། ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་17ཉིན་གྱི་ཆུ་ཚོད་1དང་སྐར་མ་49ཡི་ཐོག ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་རྒྱལ་ཐོན་C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཆུ་ཚོད་6རིང་སྤྱི་ལེ་4200ཙམ་འཕུར་ཏེ་མཐར་སིང་ཀ་ཕོར་གྱི་ཀྲང་དབྱི་རྒྱལ་སྤྱིའི་གནམ་ཐང་དུ་བདེ་བླག་ངང་འབྱོར་ཞིང་། ཟླ་2ཚེས་20ཉིན་ནས་ཟླ་2ཚེས་25ཉིན་བར་སིང་ཀ་ཕོར་དུ་གཉེར་རྒྱུ་ཡིན་པའི་2024ལོའི་སིང་ཀ་ཕོར་གྱི་མཁའ་འགྲུལ་འགྲེམས་ཚོགས་ལ་ཞུགས་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།