དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་རོགས་སྐྱོར་བྱས་པའི་ཁམ་ཕུ་ཁྲེའི་ཏང་ཀན་པེ་ཆུ་མཛོད་རྣམ་གྲངས་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-20

    ཤིན་ཧྭ་གསར་འགྱུར་ཁང་ཁམ་ཕུ་ཁྲེའི་པང་ཐུང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོས་རོགས་སྐྱོར་བྱས་པའི་ཁམ་ཕུ་ཁྲེའི་པང་ཐུང་ཞིང་ཆེན་གྱི་ཏང་ཀན་པེ་ཆུ་མཛོད་འཕེལ་རྒྱས་རྣམ་གྲངས་ལས་འགོ་འཛུགས་པའི་མཛད་སྒོ་འཚོགས་ཤིང་། ཁམ་ཕུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དཔལ་འབྱོར་ཚོང་དོན་ཁྲུའི་ཚན་ཙན་ཀྲུང་ཅེ་དང་། ཁམ་ཕུ་ཁྲེའི་ཆུའི་ཐོན་ཁུངས་དང་གནམ་གཤིས་པུའི་བློན་ཆེན་ཐུའོ་ཙེ་ཐཱ། པང་ཐུང་ཞིང་ཆེན་གྱི་ཧྲེང་ཀྲང་དབུན་ལཱ་ཏ་ན་བཅས་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་སྒྲོན་པ་རེད།

    ཐུའོ་ཙེ་ཐཱ་ཡིས། ཏང་ཀན་པེ་ཆུ་མཛོད་ཀྱིས་ཞིང་ཆུ་འདྲེན་པ་དང་འབྲུབ་འགོག་ཐན་འགོག་ཐད་ནུས་པ་ཆེན་པོ་འདོན་ཐུབ་ལ་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུར་ཡང་ཕན་པ་ཡོད་པས་ཆུ་མཛོད་ཀྱི་མཛེས་ལྗོངས་དེ་རང་བྱུང་སྐྱེ་ཁམས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་འགྱུར་རྒྱུ་རེད་ཅེས་བརྗོད།

    ཀྲུང་ཅེ་ཡིས། ལོ་མང་རིང་། ཀྲུང་གོ་སྲིད་གཞུང་དང་ཁེ་ལས་ཀྱིས་ཁམ་ཕུ་ཁྲེར་ཆུ་བེད་དང་ཞིང་ཆུ་འདྲེན་པའི་རྣམ་གྲངས་བཅུ་ལྷག་ཙམ་སྐྲུན་རོགས་བྱས་པ་དང་། ཞིང་ཆུ་འདྲེན་ཁྱོན་སྤྱི་ཆིང་ཁྲི་42ཙམ་ཟིན་ནས་དམངས་ཚོགས་ཁྲི་བརྒྱ་ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ད་ཐེངས་ལས་འགོ་ཚུགས་པའི་ཏང་ཀན་པེ་ཆུ་མཛོད་འཕེལ་རྒྱས་རྣམ་གྲངས་ཀྱིས་ས་གནས་དེ་གའི་ཆུའི་ཐོན་ཁུངས་སྤྱོད་ཚད་དང་ཞིང་ཆུ་འདྲེན་པའི་ལས་ཕྱོད་སྔར་བས་ཆེ་རུ་གཏོང་བ་དང་། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་བ། འབྲུ་རིགས་ཐོན་ཚད་དང་ཞིང་པའི་ཡོང་འབབ་མང་དུ་གཏོང་ཐུབ་པ་བཅས་དང་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ནས་ས་གནས་དེ་གའི་མི་སེར་ལ་ཕན་པ་དངོས་སྐྲུན་རྒྱུ་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།