དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • རང་ལྗོངས་ཀྱིས་ཆུ་བྱ་དགུན་སྒྲོལ་གནས་ཚུལ་ལ་དུས་གཅིག་ཏུ་ལྟ་ཞིབ་ཚད་ལེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    རང་ལྗོངས་ཀྱི་ཁྱབ་ཁོངས་སུ་དགུན་སྒྲོལ་ཆུ་བྱའི་ཁྱུ་ཚོགས་ཀྱི་གྲངས་འབོར་དང་། ཁྱབ་ཚུལ། སྲུང་སྐྱོབ་གནས་ཚུལ་སོགས་ལ་ཕྱོགས་ཡོངས་དང་། དུས་ཐོག ཡང་དག་པ་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་པ་བྱས་ནས། རང་ལྗོངས་ཀྱི་འདབ་ཆགས་སྲུང་སྐྱོབ་ཀྱི་ཕན་འབྲས་དང་ལྷག་པའི་གནད་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཚོད་སྐོར་བྱ་ཆེད། རང་སྐྱོང་ལྗོངས་ནགས་ལས་བརྟག་དཔྱད་འཆར་འགོད་ཞིབ་འཇུག་ཁང་གིས་སྣེ་ཁྲིད་དེ་ལྟ་ཞིབ་ཚད་ལེན་དཔུང་ཁག་བཙུགས་ནས་སྔོན་ལ་བརྟག་དཔྱད་བྱས་པ་དང་འབྲེལ། དགུན་སྒྲོལ་ཆུ་བྱར་དུས་གཅིག་ཏུ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་ཡང་སྤེལ་ཡོད། ད་ཐེངས་དུས་གཅིག་ཏུ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། ལྗོངས་ཡོངས་སུ་ཁྱོན་བརྟག་དཔྱད་རྗེས་ཤུལ་407ཐོར་བཀོད་པ་དང་། ཆུ་བྱའི་རིགས་45ལྟ་ཞིབ་ཚད་ལེན་ཐུབ་པ། འདབ་ཆགས་རིགས་ཐོ་འགོད་ཐེངས་གྲངས་2569ཟིན་ཡོད་པ་རེད། འདི་ནི་ལྷུན་གྲུབ་རྫོང་མཁར་རྩེ་ཆུ་མཛོད་དུ་དགུན་སྒྲོལ་བྱེད་པའི་ཆུ་བྱ་ཡིན་པ། རང་སྐྱོང་ལྗོངས་ནགས་ལས་བརྟག་དཔྱད་འཆར་འགོད་ཞིབ་འཇུག་ཁང་གིས་མཁོ་འདོན་བྱས་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།