དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་སུ་སྦྲག་སྲིད་མྱུར་སྐྱེལ་ཞབས་ཞུ་ཡོངས་སུ་ཁྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པར་ཉེ་ཆར་འཚོགས་པའི་བོད་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་ལྗོངས་ཡོངས་སུ་སྦྲག་སྲིད་ཡོངས་ཁྱབ་ཞབས་ཞུའི་གཉེར་སྐྱོང་དྲ་ཚིགས་754དང་། གྲོང་ཚོའི་སྦྲག་སྲིད་ས་ཚིགས་4641 མྱུར་སྐྱེལ་ཞབས་ཞུའི་དྲ་ཚིགས་657བཅས་ཡོད་པ་དང་སྦྲག་སྲིད་མྱུར་སྐྱེལ་ཞབས་ཞུ་ཡོངས་སུ་ཁྱབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་རང་ལྗོངས་ཀྱི་སྦྲག་སྲིད་དོ་དམ་སྡེ་ཚན་གྱིས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་ཀྱི་ཞབས་ཞུ་དང་ལྟ་འདོམས་ལ་དམ་འཛིན་ནན་པོ་བྱེད་པ་དང་། ལས་རིགས་ཀྱི་འགན་ནུས་ཧུར་ཐག་བཏོན་པས་ལྗོངས་ཡོངས་ཀྱི་སྦྲག་སྲིད་དོ་དམ་ལས་དོན་ལ་ཕན་འབྲས་བཟང་པོ་ཐོན་ཡོད། 2023ལོར་ལྗོངས་ཡོངས་ཀྱི་སྦྲག་སྲིད་ལས་རིགས་ཀྱི་བསྐུར་སྐྱེལ་ལས་སྒོ་གཉེར་ཚད་དུང་ཕྱུར་1.91ཟིན་པ་དང་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་10.14ཟིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་7.9%དང་36.33%འཕར་ཞིང་། དེའི་ནང་མྱུར་སྐྱེལ་ལས་སྒོ་གཉེར་ཚད་དུང་ཕྱུར་0.22ཟིན་པ་དང་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་6.09ཟིན་པ་དེ་དུས་མཚུངས་ལས་ཁག་སོ་སོར་79.78%དང་35.85%འཕར་ཡོད། སྦྲག་སྐྱེལ་ལས་སྒོ་གཉེར་ཚད་དུང་ཕྱུར་1.22ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་147.1%འཕར་བ་དང་ཆབས་ཅིག “མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་ཀྱི་ཕོ་བྲང་པོ་ཏ་ལའི་ཚོང་ཁང་དང་ཇོ་མོ་གླང་མའི་ཚོང་ཁང་གི་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་གཉིས་རེ་ཞུ་ལེགས་གྲུབ་བྱུང་བ་དེའི་ནང་ཕོ་བྲང་པོ་ཏ་ལའི་ཚོང་ཁང་འདི་ཉིད་ཁག་དང་པོའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་མཚོན་ནང་ཚུད་ཡོད། 2023ལོར་ལྗོངས་ཡོངས་ཀྱི་བརྗོད་དོན་གཙོ་བོའི་སྦྲག་སྲིད་ཅུས་ཀྱི་བསམ་བཀོད་ཐོན་རྫས་ལ་རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་1000ལྷག་ཙམ་བྱུང་ཡོད། གྲོང་གསེབ་ཀྱི་བསྐུར་སྐྱེལ་ཟོག་འགྲེམས་མ་ལག་གིས“བོད་ཀྱི་ཐོན་རྫས་ཕྱིར་གཏོང་རྒྱུར”རམ་འདེགས་བྱས་པས། 2023ལོར་སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས་ཀྱིས་བསྐུར་མ་ཁྲི་205.21བསྐྱལ་བར་ཡོང་འབབ་སྒོར་ཁྲི་1612.70བྱུང་ཡོད། ལྗོངས་ཡོངས་ཀྱིས་སྦྲག་སྲིད་མྱུར་སྐྱེལ་དྲ་ཚིགས་ལ་བརྟེན་ནས་རིན་ཐང་སྒོར་དུང་ཕྱུར་21.77རི་བའི་ཞིང་ལས་ཁྱད་ལྡན་ཐོན་རྫས་བསྐུར་སྐྱེལ་བྱས་ནས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།