དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གཙང་འགྲམ་སྡེ་ཁུལ་དུ་སློབ་ཡོན་མི་དགོས་པའི་སྒྲ་སྙན་སྦྱོང་བརྡར་འཛིན་གྲྭ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    འདི་ནི་དགའ་སྣང་འཛིན་གྲྭའི་དགེ་རྒན་གྱིས་སློབ་ཕྲུག་ལ་སྒྲ་སྙན་སློབ་བཞིན་པ།

    ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། རིག་གནས་བྱ་གཞག་དར་རྒྱས་གཏོང་བ། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། ཕུལ་བྱུང་གི་དམངས་ཁྲོད་སྒྱུ་རྩལ་མཁས་པ་སྔར་ལས་མང་བ་སྔོག་འདོན་དང་གསོ་སྐྱོང་བྱེད་པ་བཅས་ཀྱི་ཆེད། བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གཙང་འགྲམ་སྡེ་ཁུལ་དུ“སྐུད་པ་དམར་པོ”ཞེས་པའི་སྤྱི་ཕན་དང་བླངས་ཞབས་ཞུའི་སྒྲ་སྙན་སྦྱོང་བརྡར་འཛིན་གྲྭ་བཙུགས་ཤིང་། མིག་སྔའི་བར་ཁྱོན་སློབ་ཁྲིད་ཐེངས་136བྱས་པ་དང་། རིམ་རྩིས་བྱས་ན་འཁྲབ་སྟོན་ཐེངས་24བྱས་པ། ད་ལོའི་དགུན་ཁའི་གུང་གསེང་རིང་སློབ་ཁྲིད་ཐེངས་12བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།