དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • འབད་འབུངས་ཡར་བརྩོན་གཏམ་རྒྱུད་བརྩམས། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན།

    ​ནག་ཆུ་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    2023ལོ་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་དང་། “གཤམ་སྤེལ་དགུའི”ལས་དོན། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བའི་བྱ་སྤྱོད་སོགས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤུན་ཉེ་འཆམ་མཐུན་དང་། ཕན་ཚུན་ལྟ་སྐྱོང་། རོགས་རེས་མཉམ་འདྲེས། ཞི་མཐུན་གྲ་རྒྱས་བཅས་བྱས་ནས་མཐུན་སྒྲིལ་འབད་འཐབ་ཀྱི་ལེའུ་གསར་པ་མཉམ་དུ་བརྩམས།

    “འབད་འབུངས་ཡར་བརྩོན”གྱི་བྱེད་སྒོ་སྤེལ་ནས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

    “གྲོང་གསེབ་དར་རྒྱས་ལ་བརྟེན་ནས་ནག་ཆུ་དར་རྒྱས་གཏོང་བའི”བྱེད་སྒོ་སྤེལ་ཚུན། སྲོལ་རྒྱུན་གྱི་ལག་རྩལ་ལ་བརྟེན་ནས་ཏང་དར་རྒྱལ་དར་བཙེམས་པ་དང་། “གནམ་བདེ་སྒོ་མོར་གུས་འདུད་ཞུ”ཞེས་པའི་བྱེ་མའི་རི་མོ་གསར་རྩོམ། ཏང་རྟགས་དང་རྒྱལ་རྟགས་བརྐོས་རྒྱག་པ་སོགས་ནས་བོད་བྱང་ཐང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་མཚོན་པར་བྱས་ཡོད།

    “གྲོང་གསེབ་དར་རྒྱས་ལ་བརྟེན་ནས་ནག་ཆུ་དར་རྒྱས་གཏོང་བ”དང“འགྱུར་ལྡོག་དང་འཕེལ་རྒྱས་གླེང་བའི”གཏམ་རྒྱུད་འགྲན་བསྡུར་ཁྲོད། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་སྔོན་མའི་གནས་ཚུལ་ཕྱིར་དྲན་དང་ཉེ་འགྲམ་གྱི་མི་དང་བྱ་བའི་ཐོག་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་གླེང་ཞིང་། བྱེད་སྒོའི་ཁྲོད་དཔེ་མཚོན་མི་སྣ་མང་པོ་ཐོན་པའི་ནང་རྒྱལ་མཚན་ཚུད་ཡོད།

    རྒྱལ་མཚན་སྤྱི་ཚོགས་རྙིང་པར་སྐྱེས་པ་དང་ཀྲུང་གོ་གསར་པར་འཚར་ལོངས་བྱུང་ཞིང་། ད་ལོ་ལོ་95ལ་སླེབས་པའི་ཁོང་གིས་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བརྒྱུད་མྱོང་ཡོད། རྒྱལ་མཚན་གྱིས“ངས་ཇི་ཙམ་ ཐུབ་ན་དེ་ཙམ་བར་དུ་ཏང་གི་བཀའ་དྲིན་མི་རབས་རྗེས་མར་དྲིལ་བསྒྲགས་བྱེད་ཐག་ཆོད་ཡིན”ཞེས་བརྗོད།

    ཉེ་བའི་ལོ་གཉིས་རིང་། ནག་ཆུ་གྲོང་ཁྱེར་གྱིས“གྲོང་གསེབ་དར་རྒྱས་ལ་བརྟེན་ནས་ནག་ཆུ་དར་རྒྱས་གཏོང་བའི”བྱེད་སྒོ་དེ་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཀྱི་བྱ་ཐབས་གཙོ་བོར་བརྩིས་པ་མ་ཟད། རིག་རྩལ་རིག་གནས་རིགས་དང་། སྐད་ཡིག་རིགས། ལག་ལེན་རིགས། ཐོན་སྐྱེད་རྩལ་ནུས་རིགས་བཅས་ནང་དོན་ཆེ་བ་བཞི་དང་། རིགས་ཆེ་གྲས་14 ཞིབ་ཕྲའི་འགྲན་བསྡུར་རྣམ་གྲངས་31བཅས་ཀྱི་ནང་དོན་གཞི་རྟེན་དུ་བྱས་ཤིང་། རིམ་རྩིས་བྱས་ན། བྱེད་སྒོའི་འགྲན་བསྡུར་ཐེངས་ཁྲི་3.4སྤེལ་བ་དང་། འགྲན་ཞུགས་མང་ཚོགས་མི་ཐེངས་ཁྲི་56ལྷག་ཙམ་ཞུགས་པ། མང་ཚོགས་མི་ཐེངས་ཁྲི་360ལྷག་ཙམ་ཞུགས་པ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པའི་ལག་ལེན་ནང་ཧུར་ཐག་ཞུགས་པར་དྲིལ་བསྒྲགས་དང་ཁྲིད་སྟོན་བྱས་ཡོད།

    སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས་བསམ་བློའི་རྨང་གཞི་བརྟན་དུ་བཏང་བ།

    “ན་ནིང‘ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར། ངས་ཁས་ལེན་དང་། ང་ཞུགས་པ། ངས་སྲུང་སྐྱོང་བྱེད་པ’བཅས་ཀྱི་སློབ་གསོའི(གཤམ་དུ‘ང་གསུམ’གྱི་སློབ་གསོ་ཞེས་བསྡུ་རྒྱུ)ནང་ཞུགས་པ་བརྒྱུད་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་བརྩི་བཀུར་ཞུ་མཁན་དང་། སྒྲོག་འགྲེལ་པ། བརྒྱུད་བསྒྲགས་པ་བཅས་བྱེད་པའི་རང་ཉིད་ཀྱི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་སོང”ཞེས་ནག་ཆུ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ལས་དོན་པ་ཀྲོའུ་ཞུའེ་ཡིས་བཤད།

    2023ལོ་ནས་བཟུང་། ནག་ཆུ་གྲོང་ཁྱེར་གྱིས“ང་གསུམ”གྱི་སློབ་གསོ་སྤེལ་བ་མ་ཟད། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》སོགས་མི་རིགས་མཐུན་སྒྲིལ་གྱི་ནང་དོན་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་པ་དང་འབྲེལ། མིང་འགོད་ཁས་ལེན་དང་ས་གནས་ས་ཐོག་ཏུ་ཁས་ལེན་བྱེད་ཐབས་བརྒྱུད་མི་རིགས་ཁག་གི་མང་ཚོགས་མི་རིགས་མཐུན་སྒྲིལ་ནང་ཞུགས་པ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཐུབ་པར་སྣེ་ཁྲིད་བྱས་ཡོད།

    ཀྲོའུ་ཞུའེ་ཡི་ལས་ཀའི་ཉམས་མྱོང་ལས“ང་གསུམ”གྱི་སློབ་གསོའི་ནང་དོན་གསལ་བཤད་བྱས་ཡོད། 2016ལོའི་ཟླ་7པར་ཀྲོའུ་ཞུའེ་ལེའོ་ཉིང་ནགས་ལས་ལས་རིགས་ལག་རྩལ་སློབ་གླིང་ཐོན་རྗེས། སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིར་ཞུགས་རྒྱུའི་མིང་ཐོ་བཀོད་ནས་ནག་ཆུ་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་དང་བླངས་པར་གྱུར། དང་བླངས་ཞབས་ཞུའི་དུས་ཚོད་ཐིམ་ཡང་ཀྲོའུ་ཞུའེ་ཡིས་ཕན་བདེ་ཁང་དུ་མུ་མཐུད་བསྡད་པས་ཡུན་རིང་བོད་དུ་སྡོད་མཁན“གཅེས་སེམས་སྐྱེད་མ”ཞིག་ཏུ་གྱུར།

    སྒོ་རའི་ནང་རྩེད་འཇོར་རོལ་བའི་ཕྲུ་གུ་ཚོར་ལྟ་བཞིན་ཀྲོའུ་ཞུའེ་ཡིས་དགའ་ཚོར་ཆེན་པོས“མི་རིགས་ཁག་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེ་མོའི་ནང་སེ་འབྲུའི་རྡོག་ལྟར་དམ་པོར་སྒྲིལ་དགོས། དེ་ནི་འབོད་ཚིག་ཅིག་མིན་པར་ང་ཚོས་རང་དཔེ་གཞན་སྟོན་བྱས་ཏེ་སྒྲུབ་དགོས། སླད་ཕྱིན་ལས་དོན་ཁྲོད་ངས་སྔ་ཕྱི་བར་གསུམ་དུ་བྱིས་པའི་འཚར་ལོངས་ལམ་བུའི་ཐོག་གི་ལམ་སྣེ་འཁྲིད་མཁན་ཞིག་བྱེད་ཀྱི་ཡིན”ཞེས་བརྗོད།

    ཀྲོའུ་ཞུའེ་ནི་ནག་ཆུ་གྲོང་ཁྱེར“ང་གསུམ”སློབ་གསོའི་ལག་ལེན་པ་མང་པོའི་ཁྲོད་ཀྱི་གཅིག་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི“ང་གསུམ”སློབ་གསོའི་ཁས་ལེན་མི་གྲངས་ཁྲི་48ཟིན་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་མེས་རྒྱལ་གྱི་མཐའ་མཚམས་བརྟན་སྲུང་དང་མཉམ་དུ་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་བཞིན་ཡོད།

    སྒར་རེས་རྣམ་པའི་སྤྱི་ཚོགས་བསྐྲུན་ནས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    ནག་ཆུ་དང་ཆབ་མདོ་གྲོང་ཁྱེར་གཉིས་ཀྱི་འགྲིམ་འགྲུལ་ལྟེ་བ་ཡིན་པའི་འབྲི་རུ་རྫོང་བན་དཀར་ཤང་དུ་ཚོང་ལས་དར་རྒྱས་ཆེ་ཞིང་། ཁོངས་གཏོགས་ཁུལ་དུ་ཕྱི་ནས་ཡོང་བའི་ཚོང་པ་དང་ལས་མི་སོགས་660ལྷག་ཙམ་ཡོད་པར་ཁེར་རྐྱང་བཟོ་ཚོང་དུད་ཚང་260ལྷག་ཙམ་ཡོད། ཕྱི་ནས་ཡོང་བའི་ཚོང་པས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་བྱས་པ་མ་ཟད། ཟླ་རེར་གླ་ཆ་སྒོར་3000སྤྲོད་ཀྱི་ཡོད།

    ད་ཆ་བན་དཀར་ཤང་ཚོང་དོན་ཉོ་ཚོང་གི་ལྟེ་བའི་ཤང་གྲོང་དུ་གྱུར་པ་མ་ཟད། “ཞི་མཐུན་ཤང་གྲོང”དུ་གྱུར་ནས་ཁོངས་གཏོགས་ཁུལ་གྱི་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་རོགས་རམ་བྱེད་ཀྱིན་དགའ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།

    བན་དཀར་ཤང་གིས་སྒར་རེས་རྣམ་པའི་སྤྱི་ཚོགས་ཧུར་ཐག་བསྐྲུན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་བ་དེ་ནག་ཆུ་གྲོང་ཁྱེར་གྱིས་སྡེ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཉམ་སྐྲུན་བྱ་སྤྱོད་དང་སྡེ་ཁུལ་དུ་སྒར་རེས་རྣམ་པ་བཏོད་པའི་བསྡུས་རིས་ཤིག་རེད།

    ནག་ཆུ་གྲོང་ཨུད་ཀྱི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་མོང་གིས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད། ནག་ཆུ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་བོར་བྱས་ཏེ“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལ་སྤུས་ཚད་མཐོན་པོས་སྐུལ་འདེད་བཏང་སྟེ་ལོ་ནས་ལོ་བསྟུད་དེ་སྒྲུབ་རྒྱུ་མ་ཟད། བྱས་པའི་རྗེས་དང་འདྲུས་པའི་ཤུལ་ཀྱི་ཧུར་སེམས་ལ་བརྟེན་ནས་འབད་འཐབ་མདུན་སྐྱོད་ཀྱི་ལེའུ་རྩོམ་གྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།