དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས།

    རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པར་ཞུགས་མཁན་རང་ལྗོངས་ཀྱི་ལུས་རྩལ་པར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

     ཚེས་17ཉིན་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་ཧུའུ་ལུན་པེར་དུ། རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པར་ཞུགས་མཁན་རང་ལྗོངས་ཀྱི་ལུས་རྩལ་པ་དང་། རྩལ་ཁྲིད་པ། ལས་དོན་པའི་འཐུས་མི་བཅས་ལ་འཚམས་འདྲི་གནང་ནས་ཚང་མར་འབད་པ་ཆེན་པོ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།

    ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་བོད་ཀྱི་འཐུས་མི་ཚོགས་པའི་དུས་འགོའི་གྲ་སྒྲིག་སྦྱོང་བརྡར་ལ་ཁས་ལེན་གང་ལེགས་གནང་བ་དང་སྦྲགས། ད་བར་ཐོབ་པའི་ཕུལ་བྱུང་གི་གྲུབ་འབྲས་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས། རྒྱལ་ཡོངས་དགུན་དུས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་འགག་རྩའི་དུས་ལ་སླེབས་ཡོད་པས། ཨོ་ལིམ་ཕིག་གི་སྙིང་སྟོབས་དང་། ཀྲུང་ཧྭའི་ལུས་རྩལ་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཉམས་མྱོང་ལ་ཕྱོགས་སྡོམ་དང་། ཡང་འབད་བསྐྱར་འབད། དཔའ་ངར་ཆེན་པོས་འབད་འཐབ་བཅས་བྱས་ནས་ལུས་རྩལ་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀ་བཟང་པོ་ཐོབ་རྒྱུའི་བརྩོན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས། ལུས་རྩལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལུས་རྩལ་ལས་དོན་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། མང་ཚོགས་ལུས་རྩལ་དང་རྩལ་འགྲན་ལུས་རྩལ་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ལས་དོན་ཁག་ལ་མུ་མཐུད་དམ་འཛིན་ནན་པོ་དང་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།