དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས།

    དུས་ཚིགས་རང་བཞིན་གྱི་བཟའ་བཅའ་དང་དམངས་འཚོའི་ཚོང་ཟོག་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    ཉིན་ཤས་བསྟུད་མར་ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་དམངས་ཀྱི་དོ་ཁུར་བྱ་ཡུལ་དང་དུས་ཚིགས་རང་བཞིན་གྱི་བཟའ་བཅའི་འཛད་སྤྱོད་ཁྱད་ཆོས་ལ་དམིགས་ནས། ཁྲོམ་ར་ལྟ་འདོམས་ཁྱབ་ཁོངས་ཀྱི་བདེ་འཇགས་དང་། ཉེན་ཁ། མངོན་མེད་རྐྱེན་ངན་བཅས་ལ་གཅིག་སྡུད་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ། རྫུན་ལྷད་ཞན་གསུམ་གྱི་དངོས་རྫས་བཙོངས་པ་དང་རིན་གོང་སྤར་ནས་བཙོངས་པ་སོགས་ཁྲིམས་འགལ་ལུགས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉིང་ཁྲི་གྲོང་ཁྱེར་གྱི་རིམ་ཁག་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས“ནན་ཤོས་བཞི”ཡི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་བཟའ་བཅའ་དང་། སྨན་རྫས། མཛེས་རྫས། དམིགས་བསལ་སྒྲིག་ཆས་སོགས་ཀྱི་སྤུས་ཚད་བདེ་འཇགས་ལ་དམ་འཛིན་སྔར་བས་ནན་པོ་བྱས་པ་དང་། ཞིང་ཞོར་ཐོན་རྫས་ཁྲོམ་ར་དང་། ཚོང་ཁང་དང་སྒོ་རྩིས་ཚོང་ཁང་། བཟའ་བཏུང་ཚོང་གཉེར་ལས་རིགས་ཆེ་འབྲིང་། མཛེས་བཟོ་སྐྲ་ཁང་། སྨན་རྫས་སིལ་ཚོང་ཁེ་ལས་སོགས་གཙོ་གནད་དུ་བཟུང་ནས་ལྟ་སྐུལ་ཞིབ་བཤེར་བྱས་པ། ཐོན་རྫས་ཀྱི་སྤུས་ཚད་དང་སྒྲིག་ཆས་བེད་སྤྱོད་གཏོང་བའི་བདེ་འཇགས་ཀྱི་འགག་སྒོ་ནན་པོ་བསྲུངས་ཏེ། ཚོང་གཉེར་བྱེད་མཁན་དང་དམིགས་བསལ་སྒྲིག་ཆས་སྤྱོད་མཁན་ཚན་པས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་ཁུར་བར་སྐུལ་འདེད་བཏང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་ནུས་ཤུགས་ཡོད་རྒུས་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ་ཁྲོམ་རའི“བདེ་འཇགས་དྲ་བའི”ཚགས་དམ་དུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།