དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཉིང་ཁྲི་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པར་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    2023ལོ་ཚུན་དུ། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཉིང་ཁྲི་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་སྔོན་ལ་ལག་བསྟར་བྱེད་པའི་ལས་འགན་གསར་པ་དང་འགན་འཁྲི་གསར་པར་དམིགས་ནས། སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཚད་ལྡན་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་བཏང་བ་དང་ཆབས་ཅིག ཚོང་གཉེར་ཁོར་ཡུག་རྩེ་གྲ་བཏོད་པས། ཁེ་ལས་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་ཡོད། 2023ལོར་ཉིང་ཁྲི་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་རིམ་གཉིས་ཚོམས་ཆེན་གྱིས་སྲིད་འཛིན་ཞིབ་མཆན་དང་སྤྱི་པའི་ཞབས་ཞུའི་ལས་དོན་ཁག་ཁྲི་32.5ལྷག་ཙམ་བདག་སྤྲོད་བྱས་པ་དང་ལས་དོན་བསྒྲུབས་ཚད་100%ཟིན་ཡོད། ཟླ་རེར་ལས་དོན་བསྒྲུབས་ཚད་ཁྲི་3.2ལྷག་ཟིན་པ་དང་སྐར་ཁུང་རེས་ཆ་སྙོམས་སྐར་མ་རེར་ལས་དོན་བསྒྲུབས་ཚད་1.17ནས་3.84བར་མང་དུ་ཕྱིན་ཡོད།

    ན་ནིང་ཉིང་ཁྲི་གྲོང་ཁྱེར་གྱི་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས“2+2+3”ཕྱོགས་བསྡུས་སྐར་ཁུང་སྒྱུར་བཅོས་ལ་གསར་གཏོད་སྐུལ་འདེད་བཏང་བས། རྒྱལ་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་ལས་ཆོད་མཐོ་རུ་ཕྱིན་པའི་དཔེ་མཚོན་ཉམས་མྱོང་མ་དཔེར་བཅུག་པ་དང་དེ་ཡང་རང་སྐྱོང་ལྗོངས་ནས་ཚུད་པའི་མ་དཔེ་གཅིག་པོ་དེ་རེད། ཉིང་ཁྲི་གྲོང་ཁྱེར་དེ་རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་བཀོལ་སྤྱོད་ཀྱི་གཞི་རིམ་འབྲེལ་གཏུག་ས་ཚིགས་ལ་བདམས་པ་དང་དེ་ཡང་རང་སྐྱོང་ལྗོངས་ནས་ཚུད་པའི་ཚོད་ལྟའི་ཚན་པ་གཅིག་པོ་དེ་རེད། ལྗོངས་ཕྱི་ནང་གི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཉོ་ཚོང་ལྟེ་གནས་དང་དྲ་ཐོག་གི་ཡུལ་གཞན་ནས་འོས་འདེམས་བྱེད་པའི་ཕུགས་ཕན་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་སྔ་རྗེས་སུ་ལྗོངས་ཕྱི་ནང་གི་འབྲེལ་ཡོད་གྲོང་ཁྱེར་དང་ས་ཁུལ་གྱི་ཉོ་ཚོང་ལྟེ་གནས་11དང་མཉམ་ལས་ཀྱི་འདོད་མཐུན་བཞག་ཡོད། 2023ལོར་ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱིས་རིམ་རྩིས་བྱས་ན་རིགས་ཁག་གི་ཉོ་ཚོང་རྣམ་གྲངས་ཁག་1298ལེགས་སྒྲུབ་བྱས་པ་དང་། ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་83.91ཟིན་པ། སྒོར་ཁྲི་8670.82གྲོན་ཆུང་ཐུབ་པ་བཅས་དུས་མཚུངས་ལས་19.74%དང་། 28.85% 73.49%བཅས་སོ་སོར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།