དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སེམས་ཤུགས་རབ་འཕེལ་ལས་ལ་བརྩོན། ངར་ཤུགས་གཅིག་སྒྲིལ་མདུན་སྐྱོད་བྱེད།

    —— དུས་ཆེན་རྗེས་ཀྱི་ལས་ཀའི་ཉིན་དང་པོའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-20

    འདི་ནི་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ལས་གཉེར་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པས་འཛད་སྤྱོད་པའི་ཁ་པར་ལེན་བཞིན་པ།

    འདི་ནི་ཀྲུང་གོ་རྡོ་སྣུམ་སྐྱེལ་འདྲེན་བོད་ལྗོངས་ཡན་ལག་ཀུང་སིའི་ལས་དོན་མི་སྣས་སྣུམ་འདྲེན་རླངས་འཁོར་གྱི་བདེ་འཇགས་ཞིབ་བཤེར་བྱེད་བཞིན་པ།

    ཟླ་2ཚེས་18ཉིན་ནི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་གུང་གསེང་རྗེས་ཀྱི་ལས་ཀའི་ཉིན་དང་པོ་ཡིན་ཞིང་། ཉིན་དེར་ལས་བྱེད་ལས་བཟོ་ཚོ་ལས་གནས་ཐོག་འབྱོར་ཐུབ་པ་དང་། ས་གནས་ཁག་གི་ཞིང་པ་སོ་ནམ་ལས་ལ་གཞོལ་བ། ཁེ་ལས་ཀྱང་གྲ་སྒྲིག་ཨང་གསར་གྱིས་ལས་འགོ་འཛུགས་པ་སོགས་རང་ལྗོངས་ཀྱི་ལས་རིགས་ཁག་ཚང་མ་ལས་བྲེལ་ཆེན་པོའི་ནང་ཞུགས་ནས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་བཞིན་ཡོད།

    ཆུ་ཚོད་9དང་སྐར་མ་30ཙམ་ལ་ལྷ་ས་གྲོང་ཁྱེར་གྱི་རིམ་གསུམ་སྲིད་དོན་ཞབས་ཞུ་ཚོམས་ཆེན་གྱི་སྐར་ཁུང་172དུས་ཐོག་ཏུ་ཕྱེ་བ་དང་། ལས་སྒོ་ཁག་1360ཚང་མ་རྒྱུན་གཏན་ལྟར་གཉེར་བཞིན་ཡོད།

    མ་གཞི་དུས་ཆེན་རྗེས་ཀྱི་ལས་ཀའི་ཉིན་དང་པོ་ཡིན་ཡང་ལྷ་ས་གྲོང་ཁྱེར་གྱི་རིམ་གསུམ་སྲིད་དོན་ཞབས་ཞུ་ཚོམས་ཆེན་གྱི་སྐར་ཁུང་ཁག་གི་ལས་དོན་མི་སྣ་ལས་བྲེལ་ཆེ་ཞིང་། ཁོང་ཚོས་ཕྱོགས་གཅིག་ནས་བློ་འདྲི་བྱེད་པར་ཡོང་བའམ་ཡང་ན་ལས་དོན་སྒྲུབ་མཁན་མང་ཚོགས་ལ་ངང་རྒྱུད་རིང་པོས་སྣེ་ལེན་ཞུ་བ་དང་ཕྱོགས་གཞན་ཞིག་ནས་ཐོ་འགོད་ཀྱི་འགྲོ་ལུགས་གཉེར་བཞིན་ཡོད།

    “ང་ཚོམས་ཆེན་དུ་སླེབས་མ་ཐག་ལས་དོན་མི་སྣས་འབྲེལ་ཡོད་སྐར་ཁུང་དུ་ཁྲིད་བྱུང་། ལས་དོན་མི་སྣ་སེམས་རྩ་འཁོལ་པོ་འདུག་ལ་ལས་ཕྱོད་ཀྱང་ཧ་ཅང་ཆེན་པོ་འདུག”སྐར་མ་3ཡང་མ་འགོར་བར་གྲོང་མི་སྤེན་སྒྲོན་གྱི་མཐའ་མཚམས་ལམ་ཡིག་བཟོས་ཚར་སོང་།

    “དུས་ཆེན་རྗེས་ཀྱི་ལས་ཀའི་ཉིན་དང་པོར་ལས་གནས་ཁག་གི་ལས་དོན་མི་སྣས‘དུས་ཆེན་གཏོང་བའི་སྤྲོ་སྣང’ནས‘ལས་ཀའི་རྣམ་པར’བསྒྱུར་ཏེ་ལས་ཀའི་སྤྲོ་སེམས་ཀྱིས་ཁེངས་བཞིན་དུ་ལས་དོན་ཁག་ཕུན་སུམ་ཚོགས་པོའི་ངང་སྤེལ་འགོ་རྩོམ་ཐུབ་པའི་འགན་ལེན་བྱེད་ཀྱི་འདུག གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་གྱི་རིམ་གསུམ་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་ཞབས་འདེགས་ཞུ་སྟངས་ལེགས་སུ་བཏང་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་གི་ཡིན”ཞེས་ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་རིམ་བཞིའི་བརྟག་ཞིབ་པ་ཀྲོའུ་ཅི་ཡན་གྱིས་བཤད།

    སྔ་དྲོར་ལས་འགོ་བཙུགས་མ་ཐག་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུས་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ“བློ་འགུགས”ཚོགས་འདུ་འཚོགས་ནས“བློ་འགུགས”སློབ་གསོ་དང་ལོ་གསར་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཟུང་འབྲེལ་བྱས་ཏེ། སྡེ་ཚན་ཁག་ལ་སྒྲིག་ཆས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་པའི་ལས་དོན་ཏན་ཏིག་སྤེལ་ནས་འགན་ལེན་ལས་བྱེད་པ་བཀོད་སྒྲིག་བྱས་ཏེ་སྒྲིག་ཆས་ཀྱི་བདེ་འཇགས་དང་མཚན་མོའི་ལས་སྒྲུབ་བདེ་འཇགས་སོགས་ལ་གཙོ་གནད་ཐོག་དམ་འཛིན་དང་ཚོད་འཛིན་གྱིས་ནུས་ཤུགས་ཡོད་རྒུས་སྒྲིག་ཆས་བདེ་འཇགས་དང་འཁོར་སྐྱོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    འདི་ལོ་ནི་གཞིས་རྩེ་བརྡ་རྟགས་འཁོར་ཁང་གི་ལས་བཟོ་ལི་ཡོན་མོའུ་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཀུང་སིར་ལས་ཀ་བྱེད་པའི་ལོ་བཅུ་པ་དེ་རེད། གཞིས་རྩེའི་བརྡ་རྟགས་ལས་དོན་ཁུལ་གྱི་ལས་དཔོན་ཡིན་པའི་ངོས་ནས་ཁོང་དང་ལས་རོགས་ཀྱིས་གཞིས་རྩེ་ནས་རྒྱལ་ཆུང་བབས་ཚུགས་བར་གྱི་བརྡ་རྟགས་སྒྲིག་ཆས་ཀྱི་རྒྱུན་གཏན་གྱི་བདག་སྐྱོང་དང་ཞིབ་བཤེར་ཉམས་བཟོ་བྱེད་པའི་འགན་འཁུར་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།