དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཁྲོན་མཚོའི་ལྕགས་ལམ་ཤར་གཏོང་བྱས་པས“ས་མཐོའི་མཆོག་ནོར་གསར་པ་གསུམ”བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-19

    འདི་ནི་ཤུགས་འགྲེམས་མེ་འཁོར་ཞིག་ཁྲོན་མཚོའི་ལྕགས་ལམ་གྱི་མའོ་རྫོང་བབས་ཚུགས་ནས་ཐོན་བཞིན་པ།

    འདི་ནི་ཡུལ་སྐོར་བ་ཞིག་གིས་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་མའོ་རྫོང་གི་ཞིང་ཞོར་ཐོན་རྫས་ཁྲོམ་ར་ནས་ཚགས་ཤ་ཉོ་བཞིན་པ།

    འདི་ནི་ཡུལ་སྐོར་བས་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་མའོ་རྫོང་གི་གཡེར་མའི་ཁྲོམ་ར་སྐོར་བཞིན་པ།

    འདི་ནི་ཁྲེང་ཏུའུ་ནས་ཡོང་བའི་ཡུལ་སྐོར་བ་ཞིག་གིས་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་མའོ་རྫོང་གི་ཤིང་འབྲས་ཁྲོམ་ར་ནས་ཀུ་ཤུ་ཉོ་རྩིས་བྱེད་པ།

    མེ་འཁོར་ཤར་གཏོང་བྱས་ནས་ཟླ་བ་2ལས་སོང་མེད་པའི་ཁྲོན་མཚོའི་ལྕགས་ལམ་གྱི་ཆིང་པའེ་ཅང་ཤར་མ་ནས་ཀྲེན་ཅང་ཀོན་དུམ་བུའི་བར་གྱི་མེ་འཁོར་ནང་ཁྲེང་ཏུའུ་ནས་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་མའོ་རྫོང་ལ་འགྲོ་མཁན་གྱི་འགྲུལ་པ་རྒྱུན་ཆད་རྒྱུ་མེད།

    དཔྱིད་གསར་སྐྱེལ་འདྲེན་རིང་། ཚགས་ཤ་དང་། ས་མཐོའི་ཀུ་ཤུ མའོ་རྫོང་གི་གཡེར་མ་བཅས“ས་མཐོའི་མཆོག་ནོར་གསར་པ་གསུམ”ལ་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན། ཁྲོན་མཚོའི་ལྕགས་ལམ་གྱི་ཆིང་པའེ་ཅང་ཤར་མ་ནས་ཀྲེན་ཅང་ཀོན་དུམ་བུའི་བར་ཡུལ་སྐོར་བ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་36.2ཟིན་པ་དེས་གྲོང་ཁྱེར་ཆེན་པོ་ནས་ཡོང་བའི་འཛད་སྤྱོད་པའི་གསོན་ཤུགས་སྔར་བར་འཕེལ་བ་མ་ཟད། གྲོང་གསེབ་དར་རྒྱས་ཡོང་བར་སྒུལ་ནུས་གསར་པ་ཡང་སྦྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།