དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་བདེ་འཇགས་དུས་བབ་སྤྱི་ཡོངས་ནས་བརྟན་པོ་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-19

    གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་2ཚེས་17ཉིན་གྱི་ཆུ་ཚོད་19བར། དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་གི་རྒྱལ་ཡོངས་ཀྱི་བདེ་འཇགས་དུས་བབ་སྤྱི་ཡོངས་ནས་བརྟན་པོ་ཡོད་ཅིང་། གནོད་འཚེའི་ལས་འཛོལ་ཚབས་ཆེན་ཐོན་མེད་པ་དང་ལས་འཛོལ་ཆེ་ཙམ་ཐོན་ཚད་དུས་མཚུངས་ལས་75%ཆག་ཡོད་པ་རེད།

    གུང་གསེང་རིང་། འཕྲལ་སྡོམ་དོ་དམ་པུས་ཉེན་ཁའི་མངོན་མེད་རྐྱེན་ངན་དང་གནོད་འཚེའི་ལས་འཛོལ་གྱི་དུས་བབ་ལ་སྒུལ་རྣམ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ཏེ་ཉེན་ཡོད་རྫས་འགྱུར་དངོས་རྫས་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་ཁེ་ལས་ལ་དྲན་སྐུལ་དང་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས། ཁེ་ལས་ལ་འགག་གནད་ཆེ་སར་ཞིབ་བཤེར་སྲུང་སྐྱོང་ལ་ཤུགས་སྣོན་དང་དམིགས་བསལ་གྱི་ལས་སྒྲུབ་དོ་དམ་ནན་དུ་བཏང་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་པར་སྐུལ་འདེད་བཏང་ཡོད། ས་གནས་ཁག་ལ་གྲང་རྒྱུན་གནམ་གཤིས་དང་། རླུང་ཆེན་དང་དྲོད་ཚད་ཆག་པ། དཔྱིད་གསར་སྐྱེལ་འདྲེན་དང་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་སོགས་ཀྱི་སྔོན་ཚུད་ཉེན་གཏོང་གི་དྲན་སྐུལ་རྒྱུན་དུ་བྱས་ཏེ། ས་གནས་ཁག་ལ་བདེ་འཇགས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་གྲལ་བཤེར་དང་བཅོས་སྒྲིག་ནན་ཏན་བྱེད་པ་དང་འཚོ་བར་ཤུགས་རྐྱེན་ཐེབས་པའི་མང་ཚོགས་བཀོད་སྒྲིག་གི་ལས་དོན་ཡག་པོ་སྒྲུབ་པར་སྐུལ་འདེད་བཏང་ནས་མང་ཚོགས་བདེ་འཇགས་ངང་དུས་ཆེན་གཏོང་བ་དང་དྲོ་སྐྱིད་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱས་ཡོད། རྒྱལ་ཁབ་གཏེར་རི་བདེ་འཇགས་ཐོན་སྐྱེད་ལྟ་འདོམས་ཅུས་ཀྱིས་ལྟ་འདོམས་ལ་ཤུགས་སྣོན་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་གཏེར་རིའི་ཁེ་ལས་ལ་ཞིབ་བཤེར་ཐེངས་3343བྱས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་བསལ་ཡོད། རིམ་ཁག་འཕྲལ་སྡོམ་དོ་དམ་སྡེ་ཚན་གྱིས་མངོན་ཞིབ་ལྐོག་བཤེར་དང་ཆད་གཅོད་དམར་འདོན་ལ་ཤུགས་སྣོན་བརྒྱབ་ནས“ཁྲིམས་འགལ་ལ་རྡུང་རྡེག་གཏོང་བའི”དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ཡོད། རིམ་ཁག་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་མི་ཚོགས་སྟུག་ས་དང་ཤོག་སྦག་གཅིག་སྡུད་སྤོར་སའི་ཁུལ་གྱི་གཙོ་གནད་ས་ཁོངས་ལ་མེ་ཟོན་བདེ་འཇགས་ཞིབ་བཤེར་བྱས་ཤིང་། རིམ་རྩིས་བརྒྱབ་ན་སྤྱི་ཚོགས་ཀྱི་ཚན་པ་ཁྲི་10.35ལ་ཞིབ་བཤེར་དང་མངོན་མེད་རྐྱེན་ངན་གནས་ས་ཁྲི་13.94ལ་དག་ཐེར་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད།

    གུང་གསེང་རིང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཉེན་དོན་གནས་ཚུལ་ཁྲི་7.9དང་ལེན་བྱས་ནས་མེ་ཟོན་རོགས་སྐྱོབ་མི་སྣ་མི་ཐེངས་ཁྲི་86.2བཏང་བ་དང་། ཉེན་གྱར་མང་ཚོགས་3771བསྐྱབས་པ། ས་གནས་ཁག་ཏུ་སྔོན་འཇོག་ལས་སྒྲུབ་ས་ཚིགས་6862བཙུགས་ཡོད། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་གིས་མི་ཐེངས་8690ལྷག་ཙམ་བཏང་ནས་ཁེ་ལས་1160ལྷག་ཙམ་ལ་ཉེན་ཁ་འགོག་ཟོན་དང་བདེ་འཇགས་ལག་རྩལ་གྱི་ཞབས་འདེགས་ཞུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།