དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ན་ནིང་བོད་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་ཐོ་འགོད་སྙན་སེང་བྱེད་མཁན་ཁེ་ལས་1045ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-19

    ཉིན་ཤས་གོང་། གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། 2023ལོར་བོད་ཀྱི་ཕྱིར་གཏོང་ནང་འདྲེན་ཚོང་དོན་གྱི་ཐོ་འགོད་སྙན་སེང་བྱེད་མཁན་ཁེ་ལས་1045ཡོད་པ་དེ་དུས་མཚུངས་ལས་26.51%འཕར་ཡོད། དེའི་ནང་བཟའ་བཅའ་དང་བྱུག་རྫས་ནང་འདྲེན་བྱེད་མཁན་བོད་ཀྱི་ཚོང་པ་དང་། ཕྱིར་གཏོང་བཟའ་བཅའི་མ་བཅོས་རྒྱུ་ཆ་འདེབས་འཛུགས་ར་བ། ཤང་ཀང་དང་ཨའོ་མོན་དུ་མཁོ་འདོན་བྱེད་པའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་སོགས་དམིགས་བསལ་འོས་ཐོབ་ཀྱི་ཐོ་འགོད་སྙན་སེང་བྱེད་མཁན་ཁེ་ལས་85མང་དུ་ཕྱིན་ནས་དུས་མཚུངས་ལས་46.55%འཕར་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་རང་ལྗོངས་ཀྱི་དངོས་ཟོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་དུང་ཕྱུར་བརྒྱ་ཡི་འགག་སྒོ་ཆེན་པོ་ནས་བསྒྲལ་ཏེ་རྒྱ་གར་དང་། སིང་ཀ་ཕོར། ཁུ་ཝེ་ཐེ། སོ་ཏི་ཨ་རབ་སོཌ་རྒྱལ་ཁབ་ལ། “ཆུ་དང་། ཇ། དཀར་ཆུ། སྦྲང་རྩི། ཤ་མོ”སོཌ་ཁྱད་ལྡན་ཚོང་ཟོག་ཁག་ཐེངས་481ཕྱིར་གཏོང་བྱས་པས་ཁེ་ལས་ཐོ་འགོད་བྱེད་ཚད་9.9%ནས་13%བར་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།