དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཕ་རྒན་ཚོས་བཟོས་པའི་རྐང་རྩེད་སྤོ་ལོའི་ཐང་དུ་གྲོང་ཚོ་རིམ་པའི་རིམ་མཚུངས་མཉམ་འགྲན་གྱི་འགྲན་བསྡུར་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-18

    དམར་རི་གྲོང་ཚོའི་རྐང་རྩེད་སྤོ་ལོའི་ཐང་དུ་སྤོ་ལོའི་འགྲན་བསྡུར་བྱེད་བཞིན་པ།

    དམར་རི་གྲོང་ཚོའི་རྐང་རྩེད་སྤོ་ལོའི་ཐང་དུ་སྐར་མ་འཆི་མེད(དཀྱིལ)ཀྱིས་གྲོང་མི་དང་མཉམ་དུ་ས་ཁོད་སྙོམ་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་དུ་གློག་འཕྲིན་འབྱོར་གསལ། ས་བབ་མཐོ་ཚད་སྨི་3700ཙམ་ཟིན་པའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དམར་རི་གྲོང་རྡལ་གྱི་མཐའ་བཞིར་གཉན་ཆེན་ཐང་ལྷའི་རི་རྒྱུད་ཀྱིས་བསྐོར་བ་དང་། དབུས་སུ་རྒྱལ་མོ་རྔུལ་ཆུ་འབབ་བཞིན་ཡོད། “དམར་རི་གྲོང་རྡལ་གྱི‘གསར་བསུ་བུམ་པའི’རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་བདུན་པ” གྲོང་རྡལ་དེའི་དམར་རི་གྲོང་ཚོའི་སྟབས་བདེའི་སྤོ་ལོའི་ཐང་ཞིག་ཏུ་གཉེར་བ་རེད།

    “མ་གཞི་ཐལ་རྡུལ་གྱིས་ཁེངས་མོད། འོན་ཀྱང་སྔོན་མ་ལས་ཡག་ཏུ་ཕྱིན་ཡོད”ཅེས་སྐར་མ་འཆི་མེད་ཀྱིས་བརྗོད། ལོ་བཅུ་ཡི་གོང་། འདི་གར་རྡོ་ཧྲུག་གིས་ཁེངས་པའི་ས་སྟོང་ཞིག་རེད། སྐབས་དེ་དུས་མཐོ་རིམ་སློབ་འབྲིང་འགྲིམ་བཞིན་པའི་སྐར་མ་འཆི་མེད་ཀྱིས་ཉེ་འཁོར་གྱི་རྐང་རྩེད་སྤོ་ལོར་དགའ་པོ་ཡོད་པའི་ཕྲུ་གུ་རྣམས་སྒྲིག་འཛུགས་བྱས་ཏེ་ས་ཁོད་སྙོམས་པ་དང་། དབྱུག་པ་གཉིས་བཙུགས་ནས་སྒོའི་ཚབ་བྱས་ཏེ་དེ་གར་སྤོ་ལོའི་ཐང་སྟབས་བདེ་ཞིག་བཟོས་ཡོད།

    ད་ཆ། སྐར་མ་འཆི་མེད་བོད་ལྗོངས་མི་རིགས་སློབ་ཆེན་ལུས་རྩལ་ཆེད་ལས་ནས་ཐོན་རྗེས། ཕ་ཡུལ་དུ་ལོག་སྟེ་སློབ་ཆུང་ལུས་རྩལ་དགེ་རྒན་ཞིག་ཏུ་གྱུར། ཕ་ཡུལ་དུ་རྐང་རྩེད་སྤོ་ལོ་རྒྱག་པར་དགའ་པོ་བྱེད་མཁན་གྱི་ཕྲུ་གུ་ཇེ་མང་དུ་འགྲོ་བ་དང་བསྟུན་ཁྱིམ་བདག་ཚོས་ཀྱང་ཕྲུ་གུ་ཚོར་རྒྱ་ཆེ་ལ་ཁོད་སྙོམས་པའི་སྤོ་ལོའི་ཐང་ཞིག་བྱུང་ན་སྙམ་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། དེས་ན་ཕྲུ་གུའི་པཱ་ལགས་སྐར་མ་འཆི་མེད་ཀྱིས་གྲོང་ཚོའི་ནང་གི་ཕ་རྒན་གཞན་དག་ཚོའི་སྣེ་ཁྲིད་དེ་སྤོ་ལོའི་ཐང་དེ་བཟོས་རྗེས་སྤོ་ལོའི་འགྲན་བསྡུར་སྒྲིག་འཛུགས་བྱས་ནས་གཉེར་ཡོད། ཕ་རྒན་ཚོའི་སྐུལ་ཁྲིད་འོག་གྲོང་ཚོའི་མི་མང་ཆེ་བ་སྤོ་ལོའི་ཐང་བཟོ་སྐྱོར་བྱེད་པའི་ལས་ཀར་ཞུགས་པས་གཞི་ནས་འདི་ལོའི་འགྲན་བསྡུར་དུས་བཀག་བཞིན་བཟོ་སྐྱོར་བྱས་པའི་སྤོ་ལོའི་ཐང་དུ་གཉེར་ཐུབ་པ་དང་། བོད་ཀྱི་ལོ་གསར་ལ་མཉམ་དུ་བསུ་བ་ཞུ་བའི་གྲོང་ཚོ་རིམ་པའི་སྤོ་ལོའི་འགྲན་བསྡུར་དེ་ཡང་བོད་ཤར་གྲོང་རྡལ་ཆུང་ཆུང་དེའི“འཛམ་གླིང་བུམ་པར”གྱུར་ཡོད།

    མིག་སྔར། བོད་ཀྱི་རྫོང(ཆུས)74ཚང་མར་རྐང་རྩེད་སྤོ་ལོའི་ཐང་ཡོད་པ་དང་། ཚད་ལྡན་གྱི་རྐང་རྩེད་སྤོ་ལོའི་ཐང་འཛུགས་སྐྲུན་རྣམ་གྲངས་ཀྱང་གཞི་རིམ་གྱི་ཤང་དང་གྲོང་རྡལ་དུ་རྒྱ་སྐྱེད་གཏོང་བཞིན་ཡོད། ལྷོ་རོང་རྫོང་ཁོ་ནར་མི་ལྔ་དང་། མི་བདུན། མི་བཅུ་གཅིག་བཅས་བྱས་པའི་སྤོ་ལོའི་ཐང་6ཡོད་པ་དང་འབྲེལ་ད་དུང་ཤང་དང་གྲོང་རྡལ་གྱི་སྤོ་ལོའི་ཐང་གསུམ་གསར་སྐྲུན་དང་སྒྱུར་བཀོད་བྱེད་རྩིས་ཡོད་པ་རེད། གཅིག་བྱས་ན་མི་རིང་བར་དམར་རི་གྲོང་ཚོའི་པ་ཕ་ཚོས་རང་ཉིད་ཀྱི་ཕྲུ་གུས་རང་ཁྱིམ་གྱི་སྒོ་ཁའི་རྐང་རྩེད་སྤོ་ལོའི་ཐང་དུ་རྐང་རྩལ་ངོམ་པར་ལྟ་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།