དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དམིགས་བསལ་ལེ་ཚན《“གོ་བདེ་དོན་ཟབ་ཀྱི་གསུང”ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(འདོན་ཐེངས་གསུམ་པ)བསྟན་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-18

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་མཉམ་དུ་བཟོས་པའི་དམིགས་བསལ་ལེ་ཚན《“གོ་བདེ་དོན་ཟབ་ཀྱི་གསུང”ཞི་ཅིན་ཕིང་གིས་མཉེས་པོ་གནང་བའི་གཏམ་རྒྱུད》(འདོན་ཐེངས་གསུམ་པ)ཚེས་17ཉིན་ནས་བཟུང་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་ནས་བསྟན་རྒྱུ་ཡིན་པ་རེད།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལེ་ཚན་གྱིས་བྱེད་ཐབས་གསར་གཏོད་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་། རྩོམ་ཡིག བཀའ་མོལ་བཅས་གལ་ཆེན་རབ་དང་རིམ་པའི་ནང་དྲངས་པའི་གནའ་བོའི་བསྟན་བཅོས་དང་གསུང་རབ་གྲགས་ཅན་གྱི་སྙན་ཚིག་འཆད་འགྲེལ་བྱས་ཤིང་། དེའི་དམིགས་ཡུལ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་ལ་སྐུལ་འདེད་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕུན་སུམ་ཚོགས་པའི་ཤེས་བྱ་བློ་སྦྱོང་དང་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ནང་བསྡུས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རླབས་པོ་ཆེ་གང་ལེགས་མངོན་པར་བྱས་ཏེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཤེས་རྟོགས་དང་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན་བྱེད་ཆེད་རེད།

    “རྒྱལ་སྲིད་ནི་མི་དམངས་ཡིན”དང“ལེ་དབར་ཁྲིར་དཔྱིད་རླུང་ལྡང” “ཆུ་འགོ་ནས་ཆུ་མོ་ཤང་ཤང་རྒྱུག” “རེ་བས་ཕྱུག་པའི་དཔྱིད་ཀ” “མཛེས་སྡུག་ལྡན་པའི་རི་ཀླུང་ལ་རྒྱང་ལྟ་བྱེད” “མཐའ་ཡས་རྒྱ་མཚོ་དེ་བས་དྭངས” “དུས་རབས་མདུན་སྐྱོད་ཀྱི་དུང་བརྡ”“སྔོ་ལྗང་རི་ཀླུང་མི་ཡིས་མ་བརླགས་ན་མི་ཡི་རེ་བ་དེ་ཡིས་ཆུད་མི་ཟ” “ཕུགས་འདུན་བཟང་པོ་མངོན་འགྱུར་བྱེད” “བཙན་འགག་ལྕགས་ལྟར་སྲ་མོ་རེད་ཅེས་མ་སྨྲོས་ཤིག”སོགས་ལེའུ་12ཐོག་ནས་མི་དམངས་གོང་དུ་བཀུར་བ་དང་། ཏང་གི་འགོ་ཁྲིད། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན། འཐབ་ཕྱོགས་གཅིག་གྱུར། ཐུན་མོང་འབྱོར་ཕྱུག ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་། རིག་གནས་འཛུགས་སྐྱོང་། སྐྱེ་ཁམས་ཤེས་དཔལ། དམག་དཔུང་སྟོབས་ཆེན་གྱི་ལམ་བུ། རྒྱལ་ཁབ་ཀྱི་བདེ་འཇགས། ལས་དབང་གཅིག་མཐུན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་སོགས་ཀྱི་གླེང་གཞིར་དམིགས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལེའུ་ཚང་མའི་ནང“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་གྱི་བརྙན་ཐུང”དང“རིག་གནས་གསུང་རབ་འགྲེལ་བཤད” “བསམ་བློ་དང་རིགས་པའི་གཞུང་ལུགས་གསལ་འགྲེལ” “མེས་རྒྱལ་གྱི་ས་གཞི་ཆེ་མོའི་ཐོག་བྲིས་པའི་བསམ་བློ་དང་ཆབ་སྲིད་ཀྱི་སློབ་ཚན” “སྟོབས་ཤུགས་ཀྱིས་ཁེངས་པའི་ཀྲུང་གོའི་གཏམ་རྒྱུད” “གསུང་རབ་དང་སྙན་ངག་གྱེར་འདོན”བཅས་ཀྱི་ལྷུ་ཚིགས་དྲུག་བརྒྱུད་གནའ་དེང་འབྲེལ་མཐུད་དང་། བརྩེ་སེམས་ཟུང་འབྲེལ། གོ་བདེ་ཤེས་སླ་བཅས་ཀྱི་བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་བློ་འབྱེད་དང་ལྷད་མེད་བརྩེ་སེམས་བརྒྱུད་སྤྲོད་ཀྱི་ལས་སྟེགས་ཤིག་གཏོད་རྒྱུ་རེད། ལེ་ཚན་དེ་བསམ་བློའི་གསལ་འགྲེལ་པ་10དང་གསུང་རབ་ཀྱི་དགོངས་འགྲེལ་པ་4ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དྲངས་པའི་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་གཏམ་རྒྱུད་འཆད་འགྲེལ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རིགས་པའི་གཞུང་ལུགས་གསར་གཏོད་དང་དངོས་ཡོད་ཀྱི་དོན་སྙིང་ལ་དབྱེ་ཞིབ་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།