དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ལྷ་ས་གྲོང་ཁྱེར་གྱིས་སྒར་རེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་བཏོད་དེ།

    མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་འཆམ་མཐུན་གྱི་ཁྱིམ་གཞིས་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-14

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་དང་། ཏང་གི་མི་རིགས་ལས་དོན་གྱི་མཛད་ཕྱོགས་སྲིད་ཇུས་དོན་འཁྱོལ་ནན་ཏན། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་ལས་དོན“ཁག་དགུ་ལ་སྤེལ་བའི”འདུ་འགོད་རྒྱུན་སྲིང་ལྷོད་མེད་ངང་གཏིང་ཟབ་ཏུ་གཏོང་བ། སྒར་རེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་གཏོད་པར་སྐུལ་འདེད། བར་མཐོངས་དང་། རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཐད་མི་རིགས་ཁག་ཞུགས་པར་སྐུལ་འདེད། མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཡོང་གང་ཐུབ་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་བཏང་བ་རེད།

    སྒར་རེས་རྣམ་པ་འཕེལ་རྒྱས་ཀྱི་བཅོས་སྐྱོང་མ་ལག་བཙུགས་པ།

    ལྷ་ས་གྲོང་ཁྱེར་གྱིས་སྐར་ཁུང་ཚན་པའི་དཔེ་སྟོན་ནུས་པར་སྣང་ཆེན་བྱས་ཏེ“ཕྱོགས་བསྡུས་ཞབས་ཞུ་དང་། རོགས་རམ་མཁོ་འདོན། སྟབས་བདེ་ལ་མྱུར་བ། ཡོངས་བསྒྲགས་ཁ་གསལ”བཅས་དམིགས་ཚད་དུ་བྱས་ཏེ་དམངས་ཕན་ཞབས་ཞུའི་ཚོམས་ཆེན་ཁྱོན་ཡོངས་ལ་ཁྱབ་པ་དང་། ཤང(གྲོང་རྡལ)དང་གྲོང་ཚོ(གྲོང་ལྷན)ཁག་གིས་སེམས་ནུས་ཡོད་རྒུས་མི་རིགས་ཁག་གི་མང་ཚོཊ་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ་རྒྱུན་སྡོད་མི་འབོར་དང་ཕྱོགས་མིའི་ངལ་རྩོལ་ལས་ཞུགས་དང་། སྤྱི་ཚོགས་འགན་བཅོལ། བཅའ་ཁྲིམས་རོགས་སྐྱོར། བུ་ཕྲུག་སློབ་ཞུགས། འཕྲོད་བསྟེན་བདེ་སྲུང་སོགས་དངོས་ཡོད་མི་འབོར་ལ་ཞབས་འདེགས་དང་དོ་དམ་ལས་ཀའི་ཁྱབ་ཁོངས་སུ་བཅུག་པ་དང་། ཡུལ་བབ་དང་བསྟུན་པ་དང་མི་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ། མི་རིགས་ཁག་དང་ལས་རིགས་ཁག“ཆ་སྒྲིག་གཉེན་འཚོལ”སྒྲིག་འཛུགས་བྱས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་དཀའ་ངལ་སེལ་རོགས་བྱས་པ་རེད།

    ཏང་སྲིད་འགོ་ཁྲིད་ལས་བྱེད་པས་རྒྱུན་རྣམ་ཅན་ངང“མཉམ་འབྲེལ་བཞི་དང་འགན་གཙང་བཞི”དང“ངོ་བཅར་ཡོང་མཁན་ལ་སྣེ་ལེན་དང་བྱ་བ་དངོས་སྒྲུབ་པའི”ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱས་པ་དང་ཆབས་ཅིག་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་ས་དངོས་སུ་དོན་འཁྱོལ་བྱས་ཏེ། མི་སེམས་གཅིག་སྒྲིལ་དང་དམངས་འཚོ་ལེགས་གཏོང་དང་མང་ཚོགས་ཀྱི་སེམས་ཁྲལ་དང་། དཀའ་ངལ། རེ་སྒུག འཕྲལ་མཁོ་བཅས་ཀྱི་གནད་དོན་ཐག་གཅོད་ཀྱིས“མོས་སེམས་ལྔ”དང་སྒར་རེས་རྣམ་པའི་སྡེ་ཁུལ་སྐྲུན་པར་སྐུལ་འདེད་བཏང་བ་རེད།

    གཞན་ཡང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཉམ་སྐྲུན་བྱ་སྤྱོད་ལ་བརྟེན་ནས་སྡེ་ཁུལ་མི་སྣའི་གཞི་གྲངས་དང་། སྡེ་ཁུལ་ཁེ་ལས་ཀྱི་གཞི་གྲངས། སྡེ་ཁུལ་ཐོན་ཁུངས་ཀྱི་གཞི་གྲངས་བཅས་མཐིལ་རྟོགས་བྱས་ཏེ་རྩིས་ཁྲ་བཟོས་ནས་སྒར་རེས་རྣམ་པའི་སྡེ་ཁུལ་མཉམ་སྐྲུན་མཉམ་གཏོདལ་སྐུལ་འདེད་བཏང་བ་རེད།

    སྒར་རེས་རྣམ་པ་འཕེལ་རྒྱས་ཀྱི་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ།

    མལ་གྲོ་གུང་དཀར་རྫོང་ནན་ཅིང་ཚོད་ལྟའི་སློབ་ཆུང་དུ་སྐྱོད་སྐབས་སློབ་ཁྲིད་ཐོག་ཁང་བརྒྱུད་ནུབ་ཕྱོགས་སུ་སྨི་50ཙམ་བསྐྱོད་ཚེ“མི་རིགས་མཐུན་སྒྲིལ་སློབ་གསོའི་བརྗོད་དོན་གཙོ་བོའི་སྤྱི་གླིང”ཞེས་པའི་བརྗོད་དོན་གཙོ་བོའི་གླིང་ཁ་མཐོང་ཐུབ། མི་རིགས་མཐུན་སྒྲིལ་གྱི་ས་བོན་སློབ་མའི་སེམས་སུ་གཏིང་ཟབ་ཟུག་ཆེད། སློབ་གྲྭས་སློབ་མ་སྒྲོག་འགྲེལ་པ་ཁག་གཅིག་གསོ་སྦྱོང་བྱས་ནས་དུས་བཀག་ལྟར་སློབ་མ་སྒྲིག་འཛུགས་བྱས་ཏེ་ལྟ་སྐོར་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་གྱི་ཡོད། ལོ་རིམ་བཞི་པའི་འཛིན་གྲྭ་བཞི་པའི་བྱམས་པ་ཆོས་སྐྱིད་ནི་སྒྲོག་འགྲེལ་པའི་གྲས་ཤིག་ཡིན་ཞིང་། “སློབ་གྲྭའི་ནང་ངས་མི་རིགས་མི་འདྲ་བའི་སློབ་མ་དང་གྲོགས་མོ་བསྒྲིགས་ཡོད། རང་ཉིད་ལ་དཀའ་ངལ་འཕྲད་སྐབས་ཁོང་ཚོས་རོགས་རམ་བྱེད་ཀྱི་འདུག ཁོང་ཚོ་དང་མཉམ་དུ་རྩེད་མོ་རྩེ་བ་དང་སྤེལ་རེས་བྱེད་པར་དགའ་པོ་ཡོད། ངས་ཚན་རིག་ཁྱབ་གདལ་གྱི་སྒྲོག་འགྲེལ་པ་མུ་མཐུད་ཡག་པོ་བྱེད་ཀྱི་ཡིན”ཞེས་བྱམས་པ་ཆོས་སྐྱིད་ཀྱིས་བཤད།

    ལྷ་ས་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལྟེ་བའི་ནང་དོན་དུ་བརྩིས་ནས་ཁྲོམ་གཞུང་དང་སྡེ་ཁུལ་གྱི་ལས་བྱེད་མང་ཚོགས་དང་། གཞོན་ནུ་ལོ་ཆུང་སློབ་མ། “འཐུས་མི་གཉིས་དང་ཨུ་ཡོན་གཅིག” དེ་བཞིན་ཁེ་ལས་ལས་རིགས་མི་སྣ་བཅས་སྒྲིག་འཛུགས་བྱས་ནས་རྒྱུན་རྣམ་ཅན་གྱི་གསོ་སྦྱོང་བྱས་ཡོད། དཔལ་འབྱོར་གསར་སྤེལ་ཁུལ་གྱིས་ཟླ་རེར་སློབ་སྦྱོང་རེ་དང་། དུས་ཚིགས་རེར་ཡིག་རྒྱུགས་རེ། ལོ་འཁོར་གྱི་འགན་སྒྲུབ་གསལ་ཞུ་བཅས་བྱས་པ་བརྒྱུད་མི་རིགས་མཐུན་སྒྲིལ་གྱི་ཆེད་དོན་འཆད་ཁྲིད་དང་སྲིད་གྲོས་ཨུ་ཡོན་གྱི་འཆད་ཁྲིད་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྡེ་ཁུལ་གྱི་གྲོང་མིའི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད། སྟག་རྩེ་ཆུས་ཀྱིས་ཏང་ཡོན་རྒན་གྲས་ཀྱིས་ཉེ་འགྲམ་གྱི་གཏམ་རྒྱུད་བརྗོད་དེ་སྡེ་ཁུལ་གྱི་གྲོང་མིར་བོད་གསར་རྙིང་གྱི་འགྱུར་ལྡོག་གླེང་བ་དང་། མལ་གྲོ་གུང་དཀར་རྫོང་གིས“གྲོང་ཚོ་དང་གྲོང་ལྷན་དུ་བསྐྱོད་དེ་མཐུན་སྒྲིལ་དང་མཛའ་གྲོགས་ལ་སྐུལ་འདེད་གཏོང་བའི”མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སོགས་སྤེལ་བ་རེད།

    སྒར་རེས་རྣམ་པ་འཕེལ་རྒྱས་ཀྱི་རིག་གནས་ཀྱི་མོས་སེམས་ལ་ཤུགས་སྣོན་བརྒྱབ་པ།

    བོད་ཀྱི་དངོས་ཡོད་བརྗོད་གཞིར་བྱས་པའི་རོལ་དབྱངས་ཟློས་གར་དང་པོ《མཁའ་དབྱིངས་ཀྱི་ཕུགས་འདུན》ཞེས་པའི་ཅང་སུའུ་ཡི་བོད་སྐྱོར་ལས་དོན་ཁྲོད་ཀྱི་མི་སྣ་དངོས་དང་དོན་དངོས་དཔྱད་གཞིར་བྱས་ཡོད། གཏམ་རྒྱུད་དེར“མི་རིགས་མཐུན་སྒྲིལ་ཆེ་མོ། རྒྱ་བོད་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་བརྗོད་དོན་གཙོ་བོར་བྱེད་པ་དང་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད།

    ལྷ་ས་གྲོང་ཁྱེར་གྱིས་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ལ་ཤུགས་སྣོན་བརྒྱབ་པའི་རྨང་གཞིའི་ཐོག་མི་རིགས་ཁག་གི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོབ། གསར་གཏོད་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་གི་རིག་གནས་དབར་གྱི་འབྲེལ་བ་ཤེས་རྟོགས་གཏིང་ཟབ་ཡོང་བར་ཁྲིད་སྟོན་བྱས་པ་དང་། རིག་རྩལ་ཚོགས་པ་དང་སྡེ་ཁུལ་གྱི་རིག་རྩལ་དཔུང་ཁག་སྒྲིག་འཛུགས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་གླུ་གར་གྱི་བརྗོད་དོན་གཙོ་བོའི་ལེ་ཚན་སྒྲིག་བཟོ་དང་། མང་ཚོགས་རང་བཞིན་གྱི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བ། “བོད་ལྗོངས་དང་པེ་ཅིང་གཅིག་ཏུ་འབྲེལ”གྱི་ཆེད་དོན་རིག་རྩལ་འཁྲབ་སྟོན་བཅས་བྱས་པ་རེད། མིག་སྔའི་བར། རྫོང(ཆུས)ཁག་དང་། བྱེད་ནུས་གླིང་ཁུལ། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་བཅས་ཀྱིས“ང་ཚོའི་ཀྲུང་གོའི་ཕུགས་འདུན། རིག་གནས་ཁྱིམ་ཚང་ཁྲི་སྟོང་ལ་ཁྱབ་གདལ་གཏོང་བའི”བྱེད་སྒོ་སྤེལ་ནས་གཞི་རིམ་ལ་འཚམས་འདྲིའི་འཁྲབ་སྟོན་ཐེངས་1300ལྷག་ཙམ་དང་སྡེ་ཁུལ་དུ་འཁྲབ་སྟོན་ཐེངས་200ལྷག་ཙམ་བྱས་པ་དང་། “3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཐེངས་1264སྤེལ་ཞིང་། སྡེ་ཁུལ་དུ་ཁྱབ་ཚད་100%ཟིན་ཡོད། གྲོང་ཨུད་རྩ་འཛུགས་པུས་སྡེ་ཁུལ་ཚན་ཁག་གི་ཁོངས་མིའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་ལག་བསྟར་ཤུགས་ཆེན་བྱས་པས། གྲོང་ཁྱེར་ཡོངས་ཀྱི་སྡེ་ཁུལ་ལས་བྱེད་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཚོད་རྒྱུགས་ལོན་ཚད་90%ཟིན་ཡོད། ལྷུན་གྲུབ་རྫོང་གིས“སེ་འབྲུ་དམརཔོའི”མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སོགས་སྤེལ་ནས་སྒར་རེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་གཏིང་ཟབ་ཏུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།