དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མངའ་རིས་ས་ཁུལ་གྱིས།

    མི་རིགས་ཁག་གི་མང་ཚོགས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-14

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དེ་འཛུགས་གཏོད་ལས་དོན་གྱི་ལྟེ་བའི་དམིགས་ཚད་དུ་བརྩིས་ནས། གཞི་རྟེན་དང་བྱེད་ཐབས་གསར་གཏོད་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་མི་རིགས་ཁག་མཐུན་སྒྲིལ་ཡར་ཐོན་དང་ཕན་ཚུན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་གྱིས་ས་ཁུལ་དང་རྫོང་གི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་འཆད་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ཁྲིམས་འཛིན་སྡེ་ཚན་གྱིས་གཙོ་གནད་ཐོག་འཆད་ཁྲིད། ཤང(གྲོང་རྡལ)གི་ལས་བྱེད་པས་གཏོགས་ཁོངས་སུ་འཆད་ཁྲིད། དགོན་སྡེའི་དོ་དམ་ལས་བྱེད་པས་འཆད་ཁྲིད་གཏིང་ཟབ། ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་སྐོར་སྐྱོད་འཆད་ཁྲིད། སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་གསོ་སྦྱོང་འཆད་ཁྲིད་སོགས་ཀྱི་རྣམ་པར་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྒྲོག་འགྲེལ་ལས་དོན་གཏིང་ཟབ་ངང་སྤེལ་བ་དང་། སྲོལ་རྒྱུན་གྱི་དུས་ཆེན་དང་མི་རིགས་ཀྱི་དུས་ཆེན་སོགས་གང་ལེགས་སྤྱད་དེ། མང་ཚོགས་ཚོས་དུས་སྟོན་བྱེད་སྒོ་དང་། མི་རིགས་ཀྱི་གླུ་གར་འཁྲབ་སྟོན། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་རྣམ་གྲངས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བར་སྐུལ་ཁྲིད་བྱས་ཡོད། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་དེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་དང་། དམངས་བདེ་དམངས་ཕན་གྱི་དམངས་སེམས་འདུ་འགོད་ཅིག་ཏུ་འགྱུར་བར་བྱས་ཡོད། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་གི་ཕུལ་བྱུང་དཔེ་མཚོན་ཁྱིམ་ཚང་ཁག་གཅིག་བདམས་ནས། གསོན་ཉམས་དོད་པའི་གཏམ་རྒྱུད་བརྗོད་དེ་རྒྱ་ཆེའི་ཁྱིམ་ཚང་ལ་སྣེ་ཁྲིད་ཁྱབ་འགྱེད་དང་སྐུལ་ཁྲིད་ཀྱིས་རང་སྐྱོང་ལྗོངས་རིམ་པའི“མཛེས་སྡུག་ལྡན་པའི་ཁྱིམ་གཞིས། བདེ་སྐྱིད་ལྡན་པའི་ཁྱིམ་ཚང”གི་དཔེ་སྟོན་ས་ཚིགས་2དང་། ས་ཁུལ་རིམ་པའི་དཔེ་སྟོན་ས་ཚིགས་2 རྫོང་རིམ་པའི་དཔེ་སྟོན་ས་ཚིགས་1བཅས་འཛུགས་གཏོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།