དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ལྷ་རི་རྫོང་རེ་ཡ་མདོ་གྲོང་ཚོས།

    མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་འགྲེམས་སྟོན་ཁང་བསྐྲུན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-14

    ཉེ་ཆར། ལྷ་རི་རྫོང་ལྷ་རི་གྲོང་རྡལ་རེ་ཡ་མདོ་གྲོང་ཚོས“མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་འགྲེམས་སྟོན་ཁང”བདེ་བླག་ངང་བསྐྲུན་ནས་ཏང་གི་མི་རིགས་སྲིད་ཇུས་གཅིག་སྡུད་དྲིལ་བསྒྲགས་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ། མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བརྗོད་པ་སོགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཕེལ་རྒྱས་ཀྱི་ལོ་རྒྱུས་མཚོན་པར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་ཁང་དེ་2023ལོའི་ཟླ་བརྒྱད་པར་ཇུས་འགོད་དང་ཨར་སྐྲུན་བྱེད་འགོ་བརྩམས་ནས་2023ལོའི་ཟླ་དགུ་པར་བསྐྲུན་ཟིན་ཏེ་དངོས་སུ་སྒོ་ཕྱེ་ཞིང་། ཁྱོན་མ་དངུལ་སྒོར་ཁྲི་4.2བཏང་ཡོད། འགྲེམས་སྟོན་ཁང་གིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ”གཙོ་རྐང་དུ་བྱས་ཐོག་ཡིག་རིས་གཉིས་མཉམ་དུ་སྤྱད་དེ། རེ་ཡ་མདོ་གྲོང་ཚོས“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ”གཙོ་རྐང་དུ་བྱེད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་དང་ཕན་འབྲས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།