དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟངས་རི་རྫོང་གིས།

    “ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་བར་བྱེད་པའི”གཅེས་སེམས་ཞལ་འདེབས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-12

    ཉིན་ཤས་གོང་། ཟངས་རི་རྫོང་གི་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་ཨུད་དང་ཚོང་ཚོགས་ཀྱི་ཏང་ཀྲི་པུས་ཚོགས་མིའི་ཁེ་ལས་དང་མཉམ་དུ་ཟངས་རི་གྲོང་རྡལ་སྦིད་པ་གྲོང་ཚོར་བསྐྱོད་དེ“ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་བར་བྱེད་པའི”གཅེས་སེམས་ཞལ་འདེབས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོར་ཟངས་རི་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དུས་བདེ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་སྤེན་པ་ཚེ་བརྟན་གྱིས་སྦིད་པ་གྲོང་ཚོའི་མང་ཚོགས་ལ་སྒོར་ཁྲི་29རི་བའི་གྲང་འགོག་མེ་ཐབ་196ཞལ་འདེབས་བརྒྱབ་པ་དང་འབྲེལ། རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་ཅི་འཕྲོས་མོལ་འཕྲོས་བྱས་ནས་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་དང་གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་ཤིང་། ཚོགས་མིའི་ཁེ་ལས་ཀྱི་སྣེ་ཁྲིད་ནས་སྤྱི་ཕན་དགེ་ལས་བྱ་གཞག་ནང་ཧུར་ཐག་ཞུགས་ཏེ། ཕྱུག་པོ་ཆགས་ཀྱང་ཡུལ་མི་རྣམས་མི་བརྗེད་པ་དང་མཉམ་དུ་ཕྱུག་འགྱུར་ཡོང་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་ཕྱུག་ཅིང་འགན་འཁྲི་ཡོད་པ་དང་། ཕྱུག་ཅིང་འོས་འགན་ཡོད་པ། ཕྱུག་ཅིང་བརྩེ་བ་ཡོད་པ་བཅས་བྱུང་ཡོད།

    “གཅེས་སེམས་ཁེ་ལས་རྣམས་ཀྱིས་བྱེད་སྒོར་ཧུར་ཐག་ཞུགས་པ་དང་། ལས་ཀ་སྒྲུབ་མཁས་པ། ཟངས་རིར་ཕན་བདེ་སྐྲུན་པ། སྤྱི་ཚོགས་ལ་སྲི་ཞུ་སྒྲུབ་པ་བཅས་ཀྱི་གཅེས་སེམས་དགེ་སྒྲུབ་ལས་ལ་གཞོལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཟངས་རི་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་མུ་མཐུད་གཞོལ་གྱི་ཡིན་པ་དང་། རྫོང་ཨུད་དང་རྫོང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་རྒྱ་ཆེའི་དམངས་གཉེར་ཁེ་ལས་ལ་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཟངས་རི་རྫོང་གི་སྤྱི་ཕན་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རྒྱུན་མཐུད་སྐུལ་འདེད་གཏོང་གི་ཡིན”ཞེས་བྱེད་སྒོའི་འགན་འཁུར་བ་པ་སངས་ཚེ་རིང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།