དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་བརླ་མདོ་གྲོང་ཚོས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-09

    སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་བརླ་མདོ་གྲོང་ཚོའི་ཨ་བི་ཁ་འདེབས་འཛུགས་དྲོད་ཁང་ཆེན་པོར་ཡུལ་མི་ཚོ་ལས་ལ་བྲེལ་བཞིན་མཆིས། འདེབས་འཛུགས་བྱ་ཡུལ་དུ་སྨན་རྫས་ཁེ་ལས་ཀྱི་ལག་རྩལ་པས་ཡུལ་མིར་ཨ་བི་ཁ་འདེབས་འཛུགས་དང་གཡོག་བྱེད་སོགས་ཀྱི་ལག་རྩལ་མཛུབ་ཁྲིད་བྱེད་བཞིན་ཡོད་པ་དང་ཡུལ་མི་ཚོའི་ངོ་གདོང་ལས་རེ་བའི་འབྲས་བཟང་སྨིན་པའི་རེ་སྒུག་བྱེད་བཞིན་འདུག

    སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་བརླ་མདོ་གྲོང་ཚོར་རང་བྱུང་གི་ཁོར་ཡུག་ལེགས་པས་ཨ་བི་ཁ་འདེབས་འཛུགས་སོགས་ཞིང་འབྲོག་ལས་ཀྱི་ཐོན་ལས་གསར་པ་འཕེལ་རྒྱས་ལ་ཧ་ཅང་འཚམས་པོ་ཡོད། བརླ་མདོ་གྲོང་ཚོས་རང་ངོས་ཀྱི་ཐོན་ཁུངས་དང་སྐྱེ་ཁམས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ“སྲིད་གཞུང་+སྨན་རྫས་ཁེ་ལས་+ཞིང”བཅས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ཧུར་ཐག་བཏོད་དེ་གྲོང་ཚོའི་ཞིང་དུད་33སྒྲིག་འཛུགས་བྱས་ཏེ་ཨ་བི་ཁ་འདེབས་བཅུག་ནས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་གྲོང་ཚོའི་ཏང་ཀྲི་པུས་སྣེ་ཁྲིད་པ་དང་། སྲིད་གཞུང་དང་། སྨན་རྫས་ཁེ་ལས། ཞིང་དུད་སོགས་ཕྱོགས་མང་སྟོབས་ཤུགས་ཞུགས་པར་སྤྱི་འདོམས་མཐུན་སྦྱོར་བྱས་པ་ཞིག་རེད། སྨན་གླིང་གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས་ཀྱིས་ཐོན་ལས་འཕེལ་རྒྱས་གཏོང་བའི་མ་དངུལ་སྒོར་ཁྲི་90.78བཏང་ནས་ཡུལ་མིའི་ཁང་པའི་རྒྱབ་མདུན་དུ་དྲོད་ཁང་ཆེན་པོ་གསར་པ་33བརྒྱབ་པ་དང་། དྲོད་ཁང་ཆེན་པོ་རེར་སྨི་ངོས་གྲུ་200ཡོད། བོད་ལྗོངས་སྨོན་ལམ་ཞིང་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིས(སྨན་རྫས་ཁེ་ལས)ཆེད་བསྐོས་ལག་རྩལ་མཛུབ་ཁྲིད་པ་མངགས་ནས་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་ཀྱིས་ལག་རྩལ་མཛུབ་ཁྲིད་བྱས་པ་མ་ཟད། མངགས་ཐོའི་འདེབས་འཛུགས་ཀྱི་གྲོས་མཐུན་ལྟར་ན་ལོ་གསུམ་རྗེས་སྐྱེ་འཚར་བྱུང་བའི་ཨ་བི་ཁ་ཀུང་སིས་གཅིག་གྱུར་ཉོ་སྒྲུབ་བྱ་རྒྱུ་ཡིན་པས་ཡུལ་མིའི་ཐོན་ཟོག་ཕྱིར་ཚོང་གི་སེམས་ཁྲལ་བསལ་ཡོད། དེ་དང་ཆབས་ཅིག་ཞིང་དུད་ཀྱིས་སྒོར་ཁྲི་16.5རང་གྲབས་བྱས་ཏེ་སྨན་རྫས་ཁེ་ལས་ས་ནས་ཨ་བི་ཁའི་སོན་སྤྱི་རྒྱ་606ཉོས་ནས་སོ་སོའི་འདེབས་འཛུགས་ས་ཁོངས་སུ་བཏབ་སྟེ་གཡོག་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།